རྒྱུན་གཏན་ཁང་ཁྱིམ་ནང་གི་ཁ་འཁྲུ་ལག་བཤལ་བྱེད་ས་ཕལ་ཆེ་བ་ནི་གསང་སྤྱོད་ནང་དུ་བཀོད་སྒྲིག་བྱས་ཡོད། ཡིན་ནའང་གསང་སྤྱོད་ནི་འབུ་ཕྲ་མང་པོ་འཁོར་ས་ཞིག་ཡིན་པས། མི་རྣམས་ཀྱིས་རྒྱུན་དུ་རང་རང་གི་འཁྲུས་ཆས་ཀྱི་གཙང་སྦྲར་དོ་སྣང་བྱེད་དགོས་ལ། ལྷག་པར་དུ་སོ་ཤད་ལྟ་བུ་ནི་ཉིན་ལྟར་རང་ཉིད་ཀྱི་ཁ་ནང་དུ་བེད་སྤྱོད་གཏོང་དགོས་པས། ཡག་ཤོས་བྱུང་ན་སོ་ཤད་དང་ཁ་ཕོར་སོགས་ཁེབས་གཅོད་ཡོད་པའི་ཤེལ་སྒམ་ནང་བླུགས་དགོས་ལ། རྒྱུན་དུ་བེད་སྤྱོད་མ་བཏང་གོང་ཆུ་འཁོལ་ནང་སྦངས་ཙམ་བྱས་ན་ནད་འབུ་སེལ་བའི་ནུས་པ་ཐོན་གྱི་ཡོད། དེ་མིན་ནང་མི་ཚོའི་འཁྲུས་ཆས་རྣམས་གསང་སྤྱོད་ཀྱི་སྤྱོད་མིག་ཉེ་སར་འཇོག་མི་རུང་ངོ་།