སློབ་མ་རྣམས་སློབ་སྦྱོང་བྱེད་སྐབས་ཤེས་སླ་བ་དང་ཤེས་མགྱོགས་པ། ཡིད་སྤྲོ་བ་བཅས་ཡོང་ཐབས་ཀྱི་ཐབས་ཤེས་འགའ་ཤས་ཏེ།
1.རང་ཉིད་གཅིག་པུ་སློབ་སྦྱོང་བྱེད་སྒྱིད་པའི་ནུས་པ་དང་རང་འགུལ་ལྡན་དགོས། གལ་ཏེ་སློབ་སྦྱོང་བྱེད་རོགས་ཡོད་ཚེ་ངེས་པར་དུ་སྒྲིག་འཛུགས་དང་ལྡན་པ་ཞིག་དགོས།
2.སློབ་སྦྱོང་བྱེད་གནས་གཏན་ཆགས་ཤིག་དང་ཁ་ཁུ་སིམ་པོ་ཞིག་དགོས།
3.ཉེ་འཁོར་དུ་དབེན་པོ་ཞིག་དགོས། གལ་ཏེ་སྐད་ཅོར་རྒྱག་མཁན་དང་བརྙན་འཕྲིན་ལྟ་མཁན་སོགས་ཡོད་ཚེ་སྒོ་དང་སྒེའུ་ཁུང་རྒྱག་དགོས།
4.སློབ་སྦྱོང་བྱེད་གནས་དཀར་ཆ་དོད་པོ་ཞིག་དང་མཁའ་རླུང་རྒྱུག་བདེ་བ་ཞིག་དགོས་པས་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་འཁོར་རྒྱུག་ལེགས་པོ་དགོས།
5.ཉལ་ཁྲིའི་ཐོག་ཉལ་ནས་དེབ་ལྟ་བ་དང་ལུས་པོ་རྒྱབ་བསྙེས་ལ་བསྙེས་ནས་དེབ་བལྟས་ཚེ། རིག་པ་མི་གསལ་བའི་གནས་ཚུལ་ཐོན་ནས་སློབ་སྦྱོང་བྱ་མི་ཐུབ།
6.སློབ་སྦྱོང་བྱེད་སྐབས་བརྙན་འཕྲིན་ལྟ་བ་དང་གླུ་གཞས་ཉན་པ་སོགས་བྱ་མི་རུང་།
7.སློབ་སྦྱོང་བྱེད་པའི་ཆ་རྐྱེན་རང་གིས་སྐྲུན་ཐུབ་སར་རང་གིས་སྐྲུན་དགོས། གཟུགས་པོའི་སྡོད་སྟངས་དང་མིག་ལ་ཕོག་ཐུག་མི་ཡོང་བ་སོགས་ལ་དོ་སྣང་བྱེད་དགོས།