ཀྲུ་མ་ཀྲུ་ཡི་ཁུ་བ་འོས་འཚམ་དང་། ཇིན་ཚལ་རྩབས་མ། གུང་ལ་ཕུག་རྩབས་མ། ཕག་སྣུམ་བཅས་སོ་སོར་མང་ཉུང་འོས་འཚམ་ཞིག་འཁོལ་བཞིན་པའི་འབྲས་ཐུག་ལ་བསྲེས་ཏེ་སྐོལ་བ་དང་། དེ་རྗེས་ཐུག་པར་ཚྭ་དང་སྨན་སྣ་ཕྲན་བུ་བླུགས་ནས་བཏུངས་ན། མཆིན་པའི་གཉན་ཚད་བཅོས་པའི་ནུས་པ་ཡོད་པ་ར་སྤྲོད་ཐུབ་འདུག
ཀྲུ་མ་ཀྲུ་གཙང་མ་བཀྲུས་ནས་ཉིན་ལྟར་ཤིང་འབྲས་བཞིན་དུ་བསྟུད་མར་ཟླ་ཕྱེད་ཙམ་ཟས་ན། སོ་རྙིལ་ནས་ཁྲག་ཐོན་པ་བཅོས་ཐུབ།