ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན། ཉིན་ལྟར་ལུས་སྦྱོང་སྐར་མ་15རྒྱུན་འཁྱོངས་བྱས་ན་ཆ་སྙོམས་ཚེ་ཚད་ལོ་3བསྲིང་ཐུབ། མི་ཞིག་ལོ་ན་མཐོ་རུ་འགྲོ་བ་དང་དུས་མཚུངས་གཟུགས་པོའི་རྒས་ནད་སྣ་ཚོགས་ལང་གི་ཡོད། རྒྱུན་དུ་སྨན་རྫས་མང་པོ་བཟས་ན་མཆིན་པ་དང་མཁལ་མའི་འཁུར་པོ་ལྕི་རུ་འགྲོ་ཞིང་། ལོ་60ཡན་གྱི་རྒན་རྒོན་ཚོས་སྨན་རྫས་སྤྱོད་པའི་ཚད་གཞི་དེ་དར་མའི་ལོ་ཚོད་ལས་གང་འཚམ་གྱི་ཉུང་དུ་གཏོང་དགོས་པ་དང་། ཚབས་ཆེན་མིན་པའི་སྤྱིར་བཏང་གི་ཆམ་ནད་སོགས་ལ་གང་ཐུབ་ཀྱིས་སྨན་བཟའ་རྒྱུ་མེད། གལ་ཏེ་ཉིན་ལྟར་ལུས་སྦྱོང་བྱེད་པ་དཔེར་ན་གོམ་བགྲོད་དང་། དལ་བྲེལ་རན་པའི་རྒྱུག་ཤར། རྐང་འཁོར་བཞོན་པ་སོགས་ཀྱི་གོམས་གཤིས་འཇགས་ན། དེས་ནད་འགོག་ནུས་པ་ཤུགས་ཆེར་འགྲོ་བ་མ་ཟད། ད་དུང་ནད་གཞི་ཕོག་ཚད་དམའ་རུ་འགྲོ་ཐུབ།