འཚོ་བཅུད་ཞིབ་འཇུག་པས་ཚི་གུའི་ནང་ཆར་མི་ལུས་ལ་ཕན་པའི་རྒྱུ་ཆ་མང་པོ་འདུས་ཡོད་པ་ཁྱབ་བསྒྲགས་བྱས་རྗེས། ཚི་གུའི་འབྲས་བུ་ཐོན་སྐྱེད་དང་ལས་སྣོན་བྱེད་མཁན་ཚོས་ཁྲོམ་རའི་ནང་དུ་སྣེ་གྲངས་མང་བའི་ཐོན་རྫས་དེ་རིགས་བར་མེད་དུ་མཁོ་འདོན་བྱེད་བཞིན་ཡོད། ཡིན་ནའང་འཛད་སྤྱོད་པས་ཚི་གུའི་འབྲས་བུ་ཡི་ཐོན་རྫས་དེ་རིགས་ཉོ་སྒྲུབ་བྱེད་སྐབས་ཡིད་གཟབ་མ་བྱས་ཚེ། བམ་དྲི་ཅན་གྱི་སྟར་ཁའི་ནང་ཆ་དང་། རྫས་འགྱུར་ཚོས་ཅན་གྱི་ཉི་མ་མེ་ཏོག་འབྲུ་གུ དེ་མིན་རྙིང་དྲི་ཁ་བའི་བྷ་དམ་སོགས་ལས་སྣོན་འདྲ་མིན་བྱས་ཡོད་པས། མི་ལུས་ལ་གནོད་འཚེ་འབྱུང་སྲིད་པ་ཡིན་ནོ།