དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-27

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་12ཚེས་26ཉིན་ནས་2017ལོའི་ཟླ་1ཚེས་1ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ། ཆབ་མདོ་དང་། ཉིང་ཁྲི། ནག་ཆུ་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་བབ་མཐོ་བའི་ས་ཆ་ཆ་ཤས་སུ་གངས་ཆེན་པོ་འབབ་རྒྱུ་མ་ཟད་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། གཟའ་ལྷག་པ་དང་ཕུར་བུར། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། གཟའ་མཇུག་ཏུ་ནག་ཆུ་དང་། ཉིང་ཁྲི། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་གངས་ཆུང་བ་འབབ་རྒྱུ་དང་། ས་བབ་མཐོ་བའི་ས་ཆ་ཆ་ཤས་ལ་གངས་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་དུ་ཐོལ་རླུང་རིམ་པ་5ཡས་མས་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.ཤར་རྒྱུད་ས་ཁུལ་གྱི་ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་དང་འཁྱགས་པ་ཐེབས་ཡོད་པས་འགྲོ་འོང་བྱེད་མཁན་ཁ་ལོ་བ་ཚོས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱས་ཏེ་རླངས་འཁོར་གཏོང་སྐབས་ཡིད་གཟབ་བྱེད་དགོས།

    2.གཟའ་འཁོར་འདིའི་ནང་དྲོད་ཚད་ཆག་རྒྱུ་ཡིན་པས་མི་ཕྱུགས་ཀྱི་དྲོད་ཡག་པོ་སྲུང་དགོས་པ་དང་གྲོང་ཁྱེར་གྱི་མདོང་ལམ་འཁྱགས་མ་ཤོར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།