1. ཟངས་ཆས་ཀྱི་ནག་ཐིག་ལ་ཚྭ་ཏོག་ཙམ་བྱུགས་ནས་ཕྱིས་ན་གཙང་མ་དག་ཐུབ།
2. ཚྭ་ཆུའི་ནང་པི་ཙི་དང་དཀར་ཡོལ་བཙོས་ན་ཆག་སླ་པོ་མེད།
3. ཚྭ་ཆུའི་ནང་གྱོན་གོས་འཁྲུས་ན་ཚོས་མདོག་མ་ལོག་པའི་ནུས་པ་ཐོན་ཐུབ།
4.སྒོང་ལྤགས་གས་ཆགས་བྱུང་བའི་སྒོ་ང་བཙོ་སྐབས། ཚྭ་ཏོག་ཙམ་བླུགས་ན་སྒོ་ངའི་སེར་སྤྲི་ཕྱིར་འདོན་རྒྱུ་འགོག་ཐུབ།
5.གཟུགས་པོ་འཁྲུ་སྐབས། ཚྭ་ཏོག་ཙམ་བླུག་ན་པགས་ནད་སྔོན་འགོག་བྱེད་ཐུབ།
6. ཞོགས་པ་ལངས་མ་ཐག ཚྭ་ཆུ་པི་ཙི་གང་བཏུང་ན་བཙོག་པ་བབ་བདེ་པོ་ཡོད།
7. འཁྱགས་སྦོས་ཐེབས་ས་ཚྭ་ཆུས་བཀྲུས་ན། ཟ་འཕྲུག་འཇོག་ཐུབ།
8.གུང་ལ་ཕུག་ཞིབ་མོར་བཙབས་རྗེས། ཚྭ་ཏོག་ཙམ་བླུགས་ཏེ་ཁྲག་རྗེས་ཡོད་པའི་གྱོན་གོས་བཀྲུས་ན་གཙང་མ་དག་ཐུབ།