དབུ་ཤོག
  • འཕྲིན་ཕྲན་དེ་ཚོ་གད་སྙིགས་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-21

     དེང་སྐབས་ཆ་འཕྲིན་གྱི་མྱུར་ཚད་དང་ཁྱབ་ཚད་ནི་ཧང་སངས་དགོས་པའི་གནས་སྐབས་སུ་སླེབས་ཟིན། དེས་མ་ཚད་ཆ་འཕྲིན་གོང་འཕེལ་གྱི་ལག་རྩལ་གསར་པས་མི་རྣམས་ལ་དགེ་མཚན་ལྡན་པའི་གསར་འགྱུར་དང་ཤེས་བྱའི་རྣམ་གྲངས་མང་པོ་ཞིག་ཐོབ་ནས། སྔོན་ཆད་གསང་བ་ལྐོག་གྱུར་གྱི་བྱ་དངོས་མང་པོ་ད་ཆ་རང་ངོས་ཀྱི་ཁ་པར་ནང་ནས་ཤེས་རྟོགས་ཐུབ་ཀྱི་ཡོད།

     འོན་ཏེ། དེང་དུས་བོད་ཀྱི་ཁ་པར་འཕྲིན་ཕྲན་ནང་དུ། གང་ཡོང་ཆ་མི་འཚལ་ཞིང་གོ་མྱོང་ཐོས་མྱོང་མེད་པའི་དགོན་སྡེ་གང་ཞིག་དང་བླ་མ་ག་གེ་མོ་ཞིག་གིས། ལོ་ཁམས་དང་ནམ་དུས་འདི་འདྲ་འམ་དེ་འདྲ་ཞིག་ལ་ནད་ཡམས་དང་གེགས་བར་འདི་འདྲ་འམ་དེ་འདྲ་ཡོད་པས། བསྔོ་སྨོན་ཞལ་འདོན་ཁ་གྲངས་འདི་ཙམ་འདོན་དགོས་ལ། མ་བཏོན་པ་དང་བརྒྱུད་བསྐུར་གང་མང་མ་བྱས་ན་མི་སྒེར་ལ་གནོད་པ་དང་ཐ་ན་སྲོག་གི་འཇིག་ཉེན་འོང་ཞེས་མངོན་ཤེས་ཡོད་པ་ལྟ་བུའི་བརྡབ་གསིག་སློང་གི་ཡོད་པ་རེད། བོད་ཡིག་བརྡ་སྤྲོད་གཞུང་གི་བརྗོད་པ་དང་དག་ཡིག་གང་ཅིར་བལྟ་བཟོ་མེད་པའི་ཆ་འཕྲིན་གད་སྙིགས་དེ་ལྟ་བུས། ལེགས་ཉེས་བླང་དོར་ལ་རྨོངས་པའི་མི་ཚོའི་སེམས་ཁམས་འཁྲུག་འགྲོ་བ་ཡིན་ལ་ཆ་འཕྲིན་དེ་གང་བྱུང་དུ་སྤེལ་ནས་གོང་བཟང་སྤྲད་ནས་ཉོས་པའི་རང་གི་ཁ་པར་དེ་གད་སྙིགས་ཀྱིས་ཁེངས་བཞིན་ཡོད།

     དེ་དང་དེ་འདྲ་བའི་ཁ་པར་ནང་གི་ཆ་འཕྲིན་ཟོག་རོ་དེ་ཚོ་གཙང་ཕྱགས་བྱས་ནས། རང་ཉིད་ཀྱི་ཁ་པར་དེ་འཚོ་བ་དང་ལས་དོན་ཁྲོད་དུ་སྤྱོད་གོ་ཆེ་བའི་ལུས་སྟེང་གི་རིན་ཆེན་རྒྱན་ཆ་ལྟ་བུ་ཞིག་ཏུ་འཛིན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།