1. གཟུགས་པོའི་ཤ་མཁྲེགས་པོར་འགྱུར་འགྲོ་བ་དཔེར་ན་ནུ་མ་དང་པགས་པ། ལྕེ་སོགས་མཁྲེགས་པོར་གྱུར་པ།
2. གཉན་འབུར་དང་སྨེ་བ་ལ་སོགས་དུས་རྒྱུན་ལས་མངོན་གསལ་དོད་པོས་མང་དུ་འགྲོ་བ།
3. དུས་ཚོད་རིང་པོའི་ནང་འཇུ་བྱེད་མ་ལག་བདེ་པོ་མེད་པ།
4. དུས་ཡུན་རིང་པོའི་ནང་སྐད་འགག་པ་དང་མིད་པ་སྐམ་ཤས་ཆེ་བ། མིད་པའི་ནང་དུ་ཟས་གང་རུང་མིད་འཁྱུར་གཏོང་དཀའ་བ།
5. ཟླ་མཚན་བབ་པའི་ཚད་གཞི་འགྱུར་ནས་མང་དུ་ཕྱིན་པ་དང་། ཟླ་མཚན་བབ་པའི་དུས་ཚོད་སླེབས་མེད་ཀྱང་ཁྲག་ཕོན་ཆེན་ཐོན་པ།
6. རྣ་དང་སྣ་ཁུང་། གཅིན་ལམ། རྒྱུ་ལམ་བཅས་ནས་ཕྱི་རྐྱེན་མེད་པར་ཁྲག་ཐོན་པ།
7. རྐང་ལག་སོགས་ལ་བཟོས་པའི་རྨ་ཁ་དུས་ཚོད་རིང་པོ་དྲག་སྐྱེད་དཀའ་བ།
8. རྒྱུ་མཚན་མ་ཚོར་བའི་ངང་ནས་ལུས་ཤ་སྐམ་པོ་ཆགས་འགྲོ་བ་སོགས་ཡིན།གཟུགས་པོའི་རྒྱུན་གཏན་མིན་པའི་རྟགས་མཚན་ངན་པ་དེ་ཚོ་ནི། དེང་སྐབས་ཕྱི་ལུགས་གསོ་རིག་ནང་དུ་སྐྲན་ནད་མ་ཕོག་གོང་གི་སྔོན་བརྡ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། མི་ཚོས་ལོ་རེའི་ནང་དུ་གཟུགས་པོ་བརྟག་དཔྱད་ཐེངས་རེ་བྱས་ནས་རྐྱེན་ངན་སྔ་ཙམ་སེལ་རྒྱུ་གལ་ཆེ།