1.ནམ་གུང་དུ་མཚན་ལྟོ་བཟའ་རྒྱུར་ཞེན་དྲགས་ན་ཕོ་སྐྲན་ཕོག་པའི་ཉེན་ཁ་ཆེན་པོ་ཡོད། རྒྱུ་མཚན་ནི་ཕོ་བར་ངལ་གསོ་མེད་པས་སོ།
2.གཟའ་འཁོར་གཅིག་ལ་སྒོ་ང་རྐང་བཞི་ཡན་ནས་བཟའ་རྒྱུ་མེད། ཟས་དྲགས་ན་ལུས་པོར་ཕན་པ་མེད་དོ།
3.བྱ་ཤའི་རིགས་སྐོལ་སྐབས་བྱ་དེའི་འཕོངས་བཀོག་ནས་དབྱུག་དགོས། བྱ་དེའི་འཕོངས་ཤར་སྐྲན་གྱི་དངོས་རྒྱུ་འདུས་ཡོད།
4.ལྟོ་ཆས་ཟོས་རྗེས་ཤིང་འབྲས་བཟའ་རྒྱུ་མེད་པར་ལྟོ་ཆས་གོང་གི་ཆུ་ཚོད་ཕྱེད་ཀ་ཙམ་ལ་ཤིང་འབྲས་ཟ་དགོས།
5.བུད་མེད་ཟླ་མཚན་དུས་སུ་སྦང་ཇའི་རིགས་འཐུང་རྒྱུ་མེད་ལ་ཇ་རིགས་གཞན་ཡང་ཉུང་ཙམ་འཐུང་དགོས། དེའི་དུས་སུ་ཟུངས་ཁྲག་སྐྱེས་ཐུབ་པའི་བཟའ་བཅའ་གང་མང་ཁ་གསབ་བྱེད་དགོས།
6.སྲན་ཁུ་འཐུང་སྐབས་མངར་ཆ་རྒྱག་རྒྱུ་མེད་ལ་དེ་དང་མཉམ་དུ་སྒོ་ང་བཟའ་རྒྱུ་མེད་ཅིང་། སྲན་ཁུ་མང་པོའང་འཐུང་རྒྱུ་མེད།
7.གྲོད་པ་སྟོང་པར་ཀྲོ་མ་ཀྲུ་བཟའ་རྒྱུ་མེད་ལ་ཀྲོ་མ་ཀྲུ་རྗེན་པའི་རིགས་ཡག་ཤོས་བྱུང་ན་ལྟོ་ཆས་ཟས་རྗེས་སྤྱོད་དགོས།