དབུ་ཤོག
  • སྦི་རག་གི་སྤྱོད་གོ་གཞན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-15

    གཅིག བྱ་ཤ་བཙོ་སྐབས་ཚྭ་དང་ཕོ་བ་རིལ་བུ་དང་མཉམ་དུ་སྦི་རག་བླུགས་ནས་ཆུ་ཚོད་1ནས་2བར་སྦངས་རྗེས་བཙོས་ན་བྱ་དྲི་སེལ་ཐུབ།

    གཉིས། ཚིལ་མང་བའི་ཤ་བཙོ་སྐབས་སྦི་རག་པེ་ཙི་གང་བླུགས་ནས་བཙོས་ན་ཞག་ཚི་སེལ་ནས་ཞིམ་པོ་ཡོད།

    གསུམ། སྒོ་ངའི་བག་ལེབ་བཟོ་སྐབས་སྦི་རག་ཏོག་ཙམ་བག་གཟན་ནང་བླུགས་ནས་བཟོས་ན་སྒོ་ངའི་བག་ལེབ་བཟོ་སླ་བ་མ་ཟད། ཤའི་དྲི་མ་འདྲ་པོ་ཞིག་བྲོ་གི་ཡོད།

    བཞི། སྦི་རག་གིས་གྲང་ཚལ་བྲོ་ཞིམ་ལྡན་པ་ཞིག་བཟོ་ཐུབ། གྲང་ཚལ་བཟོ་སྐབས་གྲང་ཚལ་ནང་སྦི་རག་ཏོག་ཙམ་བླུགས་ཏེ་སྨན་སྣ་བརྒྱབ་ནས་བཟས་ན་བྲོ་བ་ཞིམ་པོ་ཆགས་ཀྱི་ཡོད།

    ལྔ། གྲོ་ཞིབ་ནང་སྦི་རག་བླུགས་ནས་སླ་པོ་བཟོས་རྗེས་ཤ་ལེབ་མའི་ཐོག་བྱུགས་ནས་བརྔོས་ན་ཤ་མཉེན་པོ་དང་སོས་པའི་བྲོ་བ་ལྟར་ཡོང་གི་ཡོད། ལྷག་པར་དུ་བྱ་ཐབས་དེ་ཚགས་ཤ་བརྔོ་སྐབས་བེད་སྤྱད་ན་འཚམ་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།