དབུ་ཤོག
  • སྐྱིགས་བུ་འཇགས་ཐབས་ཀྱི་ཐབས་ཤེས་ལྔ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-13

    སྐྱིགས་བུའམ་ཨིག་ཀ་རྒྱག་སྐབས་གཤམ་གསལ་གྱི་བྱ་ཐབས་ཁག་སྤྱད་ན་སྐྱིགས་བུ་ལམ་སེང་འཇགས་ཐུབ།

    1. སྟར་ཁུ་སྟེ་རྒྱ་སྐད་དུ་ཚུའུ་ཞེས་པ་དཀར་པོ་དང་ཇ་ཁུ་མདོག་གང་རུང་ཁ་གང་བཏུང་ན་སྐྱིགས་བུ་ལམ་སེང་འཇགས་ཐུབ།

    2. དབུགས་བསྒོམས་ནས་སྐེད་པ་སྒུར་རྗེས་དལ་བུར་དབུགས་གཏོང་བའི་བྱ་ཐབས་དེ་ཐེངས་གྲངས་བཅུ་ཙམ་བྱས་ན་སྐྱིགས་བུ་འཇགས་ཐུབ།

    3. ཐུར་མ་གཙང་མ་ཞིག་གིས་ལྕེ་ལེབ་སྐར་མ་ཁ་ཤས་བསྣན་ན་སྐྱིགས་བུ་འཇགས་ཐུབ།

    4. ཆུ་དྲོད་འཇམ་ཕོར་པ་གང་བཏུང་ནའང་སྐྱིགས་བུ་འཇགས་ཐུབ།

    5. པུས་མོ་གཉིས་ལ་ལུས་སྟོད་འཐམས་ནས་བྲང་ཁོག་བཙིར་གནོན་བྱས་ནའང་སྐྱིགས་བུ་འཇགས་ཐུབ།

    དེ་མིན་བོད་ལུགས་གསོ་རིག་ནང་དུ་སྐྱིགས་བུ་ནི་ཁོག་ནང་གི་གྱེན་རྒྱུའི་རླུང་འཁྲུགས་པར་ངོས་འཛིན་བྱེད་པས། ཨོལ་གོང་དུ་མར་ཁུ་ཚ་པོས་དུགས་རྒྱབ་ནའང་ཕན་ནོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།