1.གངས་ལ་ཉི་འོད་ཕོག་སྐབས་མིག་རབ་རིབ་ཆགས་སྲིད་པས་རླངས་འཁོར་གཏོང་སྐབས་མདོག་ལྡན་མིག་ཤེལ་འདོཌ་དགོས།
2.རླངས་འཁོར་མ་བཏང་སྔོན་དུ་རླངས་འཁོར་གྱི་ཆ་ལག་ཚང་མར་ཞིབ་བཤེར་ནན་པོ་བྱེད་དགོས།
3.རླངས་འཁོར་གཏོང་འགོ་ཚུགས་སྐབས་འཁོར་ལོ་དང་ས་ངོས་འཁྱཌ་པས་སྦྱར་ཚེ་བྲེལ་འཚུབ་ཀྱིས་རླངས་འཁོར་མི་གཏོང་བར་འཁོར་ལོའི་ཉེ་འཁོར་གྱི་གངས་འཁྱཌ་དང་བྱེ་མ་སེལ་དགོས།
4.རླངས་འཁོར་གཏོང་སྐབས་ལམ་འགྲམ་གྱི་ལྕང་མ་དང་མཚོན་རྟགས། ཆུ་སྦུག་སོགས་ལ་ཞིབ་ཕྲ་ལྟ་དགོས་ཤིང་ལམ་ཐིག་ལ་གཟབ་ནན་བལྟས་ཏེ་གཞུང་ལམ་གྱི་དབུས་སུ་བསྐྱོད་པའམ་གངས་སྲབ་ས་ནས་བསྐྱོད་དགོས།
5.ངེས་པར་དུ་མྱུར་ཚད་ཚོད་འཛིན་བྱེད་དགོས་ཤིང་། ལྷག་པར་དུ་གུག་ཆ་དང་ཐུར་དུ་སྐྱོད་སྐབས་ག་ལེར་གཏོང་དགོས།
6.གངས་འཁྱགས་ཀྱི་གནམ་གཤིས་བསྟན་སྐབས་རླངས་འཁོར་གཞན་ལས་བརྒལ་ཏེ་སྟོང་ཆ་ཡོད་སར་འཚང་ཁ་བརྒྱབ་ཚེ་ཉེན་ཁ་ལྷག་པར་ཆེ།