དབུ་ཤོག
  • ཕྲུ་གུ་དམར་འབྱར་ལ་སྦྲང་རྩི་སྟེར་ན་འགྲིག་གམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-08

    དུས་རྒྱུན་འཚོ་བའི་ནང་དུ་ཕ་མ་མི་ཉུང་བ་ཞིག་གིས་སྦྲང་རྩིར་འཚོ་བཅུད་འཛོམས་པོ་ཡོད་པའི་ངོས་འཛིན་བྱས་ནས། ཕྲུ་གུ་དམར་འབྱར་ལ་ཡང་ཉིན་གཅིག་ནང་ཚུན་དུ་སྦྲང་རྩི་ཐེངས་མང་བྱིན་ནས་འཚོ་བཅུད་ཁ་གསབ་ཀྱི་བྱ་ཐབས་སྤེལ་ཁུལ་བྱེད་བཞིན་ཡོད།

    འོན་ཀྱང་ཕྲུ་གུ་དམར་འབྱར་ལ་སྦྲང་རྩི་བྱིན་ན་ཧ་ཅང་ཉེན་ཁ་ཆེ་བ་ཡིན། གང་ལགས་ཤེ་ན། སྦྲང་རྩིའི་ནང་དུ་འཚོ་བཅུད་སྣེ་མང་ཡོད་པ་ཕུད་ད་དུང་དུག་རྒྱུ་ཡང་ལྡན་ཡོད་ཅིང་། ཐོན་སྐྱེད་བྱེད་སྐབས་དུག་རྒྱུ་དེ་མེད་པ་བཟོ་ཤིན་ཏུ་ཁག་པོ་ཡོད། དེར་བརྟེན་ཕྲུ་གུས་སྦྲང་རྩི་དེ་རིགས་བཟས་ན་ཕྲུ་གུའི་རྒྱུ་ལམ་གྱི་ནུས་པ་འཐུས་སྒོ་ཚང་མེད་པའི་རྐྱེན་གྱིས་དུག་རྒྱུ་དེ་རིགས་རྒྱུ་ལམ་ནང་གནས་ཏེ་རིམ་བཞིན་དུག་ཤུགས་ཆེ་རུ་ཕྱིན་ནས་ཕྲུ་གུའི་སྲོག་ལ་ཉེན་ཁ་ཡོད། ལྷག་པར་དུ་ཕྲུ་གུ་དམར་འབྱར་གྱིས་སྦྲང་རྩི་དེ་རིགས་བཟས་རྗེས་རིམ་བཞིན་ངུ་ཤུགས་ཆུང་དུ་འགྲོ་བ་དང་ཨ་མའི་འོ་མ་འཐུང་ཚད་ཀྱང་ཉུང་དུ་འགྲོ་བ་མ་ཟད། ད་དུང་ཕྲུ་གུའི་མགོ་བོ་འདེགས་དཀའ་བའི་གནས་ཚུལ་སོགས་འཕྲད་ནས་རྐྱེན་ལམ་དུ་ཤོར་བའི་ཚད་གཞི་ཧ་ཅང་མཐོ་པོ་ཡོད། དེར་བརྟེན་ཕ་མ་རྣམས་ཀྱིས་གནད་དོན་དེར་དོ་སྣང་བྱེད་དགོས་ལ། གལ་སྲིད་གོང་གསལ་གྱི་རྟགས་མཚན་ཐོན་ཚེ་འཕྲལ་དུ་ཉེ་འགྲམ་གྱི་ལུགས་མཐུན་སྨན་ཁང་ལ་སྐྱེལ་བ་ལས་དུས་ཚོད་ནར་འགྱངས་རྩ་བ་ནས་བྱ་རྒྱུ་མེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།