དབུ་ཤོག
  • ཕྲུ་གུ་དམར་འབྱར་ལ་གཡོག་རྒྱུག་སྐབས་ཡིད་གཟབ་བྱེད་དགོས་པའི་གནད་དོན་འགའ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-07

    ཕྲུ་གུ་དམར་འབྱར་གྱི་ཟས་འཇུ་ནུས་དང་། དབུགས་རྔུབ་གཏོང་། དྲོད་ཚད་སྙོམས་སྒྲིག་བྱེད་ནུས་ཞན་པ་དང་ནད་འགོག་ནུས་པ་ཞན་པའི་དབང་གིས་ནད་འགོ་སླ་པོ་ཡོད། སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་གྱི་ཁྱད་ཆོས་དག་ཤེས་རྟོགས་བྱས་ནས་གཡོག་ཡག་པོ་རྒྱུག་རྒྱུ་ནི་ཕྲུ་གུ་བདེ་ཐང་ཡོང་བའི་འགག་རྩ་ཞིག་རེད།

    ཕྲུ་གུ་དམར་འབྱར་གྱི་ལུས་པོའི་དྲོད་ཚད་འཚམ་ཤོས་ག་ཚོད་ཡིན་ནམ།

    སྐྱེས་མ་ཐག་པའི་སྐབས་སུ་ཁོར་ཡུག་འགྱུར་ལྡོག་དབང་གིས་གཟུགས་པོའི་དྲོད་ཚད་མྱུར་དུ་ཆག་གི་ཡོད། ཆུ་ཚོད་12ནས་24བར་དྲོད་ཚད་སྙོམས་སྒྲིག་ཐུབ་ནས་དྲོད་ཚད་ཨང་གྲངས་36ཡན་བར་རིམ་བཞིན་མཐོ་རུ་འགྲོ་གི་ཡོད། འོན་ཀྱང་སྐྱེ་འཚར་ཡག་པོ་མ་བྱུང་བ་དང་ལྤགས་འོག་གི་ཚིལ་མང་པོ་མེད་པ་སོགས་རྐྱེན་གྱིས་གཟུགས་པོའི་དྲོད་ཚད་བརྟན་པོ་མེད། སྐབས་རེ་དྲོད་ཚད་ཨང་གྲངས་37ཡན་ཟིན་པ་དང་ཐ་ན་དྲོད་ཚད་ཨང་གྲངས་37.5ལས་བརྒལ་གྱི་ཡོད། སྐྱེད་མ་ཚོས་ཕྲུ་གུ་དམར་འབྱར་གྱི་འགྱུར་ལྡོག་ལ་དོ་སྣང་བྱས་ནས་སྒྲིལ་གཟན་སྣོན་འཕྲི་འོས་འཚམ་བྱས་ཏེ་དྲོད་ཚད་དམའ་བའི་རྐྱེན་གྱིས་སྐྲངས་པ་དང་དྲོད་ཚད་མཐོ་བའི་རྐྱེན་གྱིས་རྔུལ་ནག་ཤོར་བ་སྔོན་འགོག་བྱེད་དགོས།

    ཕྲུ་གུ་དམར་འབྱར་གྱི་གཟུགས་པོའི་དྲོད་ཚད་ཇི་ལྟར་ལྟ་དགོས་སམ།

    རྒྱུན་དུ་ལུས་གནས་གསུམ་དུ་ཚད་འཇལ་ཐུབ་པ་སྟེ། བཤང་ལམ་དང་། པགས་པ། མཆན་འོག་བཅས་རེད། ད་ཆ་བཤང་ལམ་དང་པགས་པར་དྲོད་ཚད་འཇལ་མཁན་ཧ་ཅང་ཉུང་ཉུང་རེད། མང་ཆེ་བ་མཆན་འོག་ཏུ་དྲོད་ཚད་འཇལ་ཆས་བཅུག་ནས་དྲོད་ཚད་ལྟ་གི་ཡོད། མཆན་འོག་ཏུ་དྲོད་ཚད་འཇལ་ན་ཐབས་ཤེས་གཞན་གཉིས་ལས་སྟབས་བདེ་བ་ཡོད། རྒྱུན་སྤྱོད་ཀྱི་ཚ་ཤེལ་གྱིས་དྲོད་ཚད་འཇལ་ན་ཅུང་ཐིག་པོ་ཡོད།

    ཕྲུ་གུ་དམར་འབྱར་འཇོག་སའི་ཁང་པའི་དྲོད་ཚད་འཚམ་ཤོས་ག་ཚོད་ཡིན་ནམ།

    སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་དྲོད་ཚད་ཏུའུ་22ནས་24བར་དང་བརླན་ཚད་60%ནས་65%གཡས་གཡོན་གྱི་ཁང་པའི་ནང་བཞག་ན་འཚམ། དྲོད་ཚད་དམའ་དྲགས་ན་ལུས་པོ་འཁྱགས་ནས་ཕྲུ་གུ་དམར་འབྱར་གྱི་ཁྲག་འཁོར་རྒྱུག་ལ་ཤུགས་རྐྱེན་ཐེབས་པ་དང་། ཡང་དྲོད་ཚད་མཐོ་དྲགས་ན་ཚ་བ་རྒྱག་པའི་ཉེན་ཁ་ཡོད། དྲོད་ཚད་འཚམ་པོ་བྱུང་ན་ལུས་པོ་བདེ་བ་དང་དབུགས་གཏོང་བདེ་བ་མ་ཟད། ཐལ་རྡུལ་ལང་གི་མེད། དེར་བརྟེན་དྲོད་ཚད་འཚམ་པོ་ཞིག་ཡོང་བ་བྱ་རྒྱུ་ནི་ཕྲུ་གུ་དམར་འབྱར་གྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།