དབུ་ཤོག
  • སེམས་ཁམས་བདེ་ཐང་གི་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-06

    ངང་རིང་གི་ཕན་ཡོན།    སྐྱེས་བུ་དམ་པ་ཞིག་གིས་རང་གི་བུ་ལ་གནས་ལུགས་གལ་ཆེན་ལྡན་པའི་ཞལ་ཆེམས་ཤིག་གསུངས་ཡོད་པ་སྟེ། གལ་ཏེ་རང་གི་སེམས་ནང་ཁོང་ཁྲོ་ཆེན་པོ་ཟ་སྐབས་ལམ་སེང་ཕྱིའི་རྣམ་འགྱུར་ལས་མི་མངོན་པ་བྱས་ནས་ཉིན་མཚན་གཅིག་སྒུག་དགོས། དུས་ཚོད་དེ་ཡོལ་རྗེས་སུ་ཁྱེད་རང་བྱེད་འདོད་པའི་བྱ་བ་མཐའ་དག་སྒྲུབ་ཆོག  འོན་ཀྱང་ངེས་པར་དུ་ཉིན་མཚན་གཅིག་སྒུག་པའི་རྗེས་སུ་གཞི་ནས་བྱེད་འདོད་པའི་བྱ་བ་སྒྲུབ་དགོས་ཞེས་པའི་མཐའ་མཇུག་གི་བཀའ་མོལ་དེས་བུ་དེར་ཕན་ཐོགས་ཆེན་པོ་བྱུང་། དུས་དེ་ནས་བཟུང་ཁོང་ཁྲོས་བུ་དེར་རྙོག་དྲ་གསར་པ་གང་ཡང་བཟོས་མེད། གང་ཡིན་ཞེ་ན་བུ་དེས་ཨ་ཕའི་ཞལ་ཆེམས་བཞིན་ཉིན་མཚན་གཅིག་སྒུག་རྗེས་གཞི་ནས་གནད་དོན་ལ་ལན་འདེབས་ཀྱི་ཡོད་པས། ཉིན་མཚན་གཅིག་འདས་རྗེས་གོང་དུ་ལྷག་པའི་གནས་ཚུལ་ཚང་མ་འཁྲུལ་པ་ཞིག་དང་ཐ་ན་དགོད་བྲོ་བ་ཞིག་ཏུ་སྣང་གི་ཡོད། མཚམས་རེ་ཕ་རོལ་པོའི་ལངས་ཕྱོགས་ཡང་དག་པ་ཞིག་ཏུ་མཐོང་གི་འདུག་པས་དེ་ལས་ལྡོག་སྟེ་ཐུགས་རྗེ་ཆེ་ཞུ་དགོས་ཀྱི་འདུག་ཅེས་བརྗོད་ཡོད།

     དེ་ཡང་ངང་རིང་བྱ་རྒྱུ་ནི་མི་དང་མིའི་དབར་གྱི་འབྲེལ་བ་ལེགས་པོ་ཡོང་བའི་ཐབས་དམ་པ་ཞིག་ཡིན་ཞིང་། མཚམས་རེ་ལན་བརྒྱབ་རྒྱུ་མགྱོགས་དྲགས་པ་དང་། ལག་པ་བཀྱག་རྒྱུ་མགྱོགས་དྲགས་ན་རང་གཞན་གཉིས་ཕུང་དང་འགྱོད་པའི་གླིང་ལ་སྐྱེལ་བའི་གནས་ཚུལ་ཐབས་སྡུག་ཐོན་སྲིད། དེར་བརྟེན་ངང་རིང་བྱས་ན་ཁོང་ཁྲོ་རང་བཞིན་གྱིས་ཞི་འགྲོ་བ་དང་། ངང་རིང་བྱས་ན་སེམས་རྣལ་དུ་ཕབ་ཐུབ་པ། ངང་རིང་བྱས་ན་རྣམ་དཔྱོད་མི་ཉམས་པ། ངང་རིང་བྱས་ན་དྲི་བ་མང་པོ་ཞིག་ལ་ལན་རང་བཞིན་གྱིས་ཡོང་སྲིད་དོ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།