དབུ་ཤོག
  • བཟའ་སྣུམ་སྐོར་གྱི་རྒྱུན་ཤེས་ཐུང་ངུ་། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-02

    ད་ཆའི་སྤྱི་ཚོགས་ཀྱི་ཁྲོམ་རར་སྐྱེ་བོ་ཐ་ཤལ་རེ་འགས། རང་ཉིད་ཀྱི་དཔལ་འབྱོར་ཁེ་ཕན་ཆེད་དུ་བཟའ་སྣུམ་སྙིགས་མ་བསྡུས་ནས་སྟབས་བདེའི་ལས་སྣོན་བྱས་རྗེས། ཡང་བསྐྱར་ཟས་རིགས་ཁྲོམ་རར་བྲིན་ཚོང་བྱེད་བཞིན་ཡོད་པ་དེ་ནི་ཀུན་གྱིས་ཤེས་གསལ་དུ་གྱུར་པས། འཛད་སྤྱོད་པས་བཟའ་སྣུམ་གྱི་བདེ་འཇགས་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། བོད་ལྗོངས་ཚན་རྩལ་ཚགས་པར་དུ་འཁོད་པའི་བཟའ་སྣུམ་སྐོར་གྱི་རྒྱུན་ཤེས་ཐུང་ངུ་ལྟར་ན། བཟའ་སྣུམ་འདེམས་ཉོ་དང་ཉར་ཚགས་བྱེད་སྐབས། གཅིག་ནས་ཐོག་མར་ཤོག་བྱང་དང་། ཚོང་རྟགས། རྒྱུ་ཆ། སྣུམ་གྱི་རིམ་པ། ཐོན་རྫས་ཀྱི་ཚད་གཞིའི་རྟགས། ཐོན་སྐྱེད་བཟོ་གྲྭ། ཐོན་སྐྱེད་ཚེས་གྲངས། གོ་ཆོད་པའི་དུས་ཡུན་སོགས་ལ་ཞིབ་ཏུ་ལྟ་དགོས།གཉིས་ནས་བཙིར་སྣུམ་གྱི་སྤུས་ཀ་སྦངས་སྣུམ་ལས་བཟང་བ་ཡོད། བཙིར་སྣུམ་གྱི་སྤུས་ཀ་ཡག་ཅིང་སྦྱོར་རྟ་གཞན་མེད་པས་འཚོ་བཅུད་ཤོར་མེད། གསུམ་ནས་བཟའ་སྣུམ་གྱི་མདོག་ལ་བལྟ་དགོས། སྤུས་ཀ་བཟང་བའི་སྣུམ་ནི་རྒྱུན་གཏན་གྱི་དྲོད་ཚད་འོག་ཏུ་དྭངས་མོ་རེད། གལ་ཏེ་སྣུམ་གྱི་ནང་སྙིགས་རོ་ཡོད་པ་དང་དྭངས་པོ་མེད་ན་སྣུམ་ལ་ཆུ་མང་པོ་བསྲེས་ཡོད་པའམ། སྤུས་ཀ་ཞན་པའམ་ཡང་ན་རུལ་ཡོད་པ་དང་སྣུམ་རྫུན་མ་བསྲེས་ཡོད། བཟའ་སྣུམ་ཉར་ཚགས་བྱེད་དུས་འཛེམ་དགོས་པ་གསུམ་ཡོད་པ་སྟེ། ཉི་འོད་ལ་འཛེམ་པ་དང་། དྲོད་ཚད་མཐོ་པོར་འཛེམ་པ། ཆུ་འདྲེས་པར་འཛེམ་དགོས་སོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།