དབུ་ཤོག
  • གཏན་འབེབས་གསར་པ་ཁག་གཅིག་ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-02

    དྲ་སྦྲེལ་ཐད་གཏོང་བྱེད་པར་མིང་ངོ་མའི་ཁས་ལེན་དཔང་འདོན་བྱེད་དགོས།

    རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི《དྲ་སྦྲེལ་ཐད་གཏོང་ཞབས་ཞུའི་དོ་དམ་གཏན་འབེབས》ཟླ་12ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་སུ་ལག་ལེན་བསྟར་རྒྱུ།

    རྒྱལ་ཡོངས་ཀྱི་ཁེར་གཉེར་བཟོ་ཚོང་དུད་ཚང་གི“ལག་ཁྱེར་གཉིས་བསྡུ་སྒྲིལ”བྱ་རྒྱུ།

    ཟླ་12ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་སུ་ཁེར་གཉེར་བཟོ་ཚོང་དུད་ཚང་གི་ལས་གཉེར་ལག་ཁྱེར་དང་ཁྲལ་དོན་ཐོ་འགོད་ལག་ཁྱེར་གྱི“ལག་ཁྱེར་གཉིས་བསྡུ་སྒྲིལ”དངོས་སུ་ལག་ལེན་བསྟར་རྒྱུ།

    ལྐོག་རྔན་ལེན་པ་སོགས་ཚུལ་མིན་བྱེད་ཐབས་ལ་བརྟེན་ནས་ཐོབ་པའི་བརྡ་ཁྱབ་ཁྱབ་བསྒྲགས་ཐོ་འགོད་ལ་ཆད་པ་གཅོད་རྒྱུ།

    རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《བརྡ་ཁྱབ་ཁྱབ་བསྒྲགས་ཐོ་འགོད་དོ་དམ་གཏན་འབེབས》ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

    རྒྱུ་ནོར་ཚོད་སྐོར་ལས་རིགས་ཀྱི་བཅའ་ཁྲིམས་ཆེན་པོ་ཐོག་མར་ལག་ལེན་བསྟར་རྒྱུ།

    ལོ་10སོང་རྗེས་གཞི་ནས་གྲོས་འཆམ་བྱུང་བའི་རྒྱུ་ནོར་ཚོད་སྐོར་བཅའ་ཁྲིམས་ཟླ་12ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་རྒྱུ།

    མཐོ་སློབ་གཏན་ཚིགས་རིག་པའི་ཁྱབ་ཁོངས་ཀྱི་ངལ་ནུས་འགྲོ་གྲོན་གཏོང་རྒྱ་ཆེ་རུ་གཏོང་རྒྱུ།

    《མཐོ་རིམ་སློབ་གྲྭའི་གཏན་ཚིགས་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་འཆར་གཞིའི་ཆེད་དོན་མ་དངུལ་དོ་དམ་བྱེད་ཐབས》ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།