དབུ་ཤོག
  • ཟུངས་ཁྲག་ལུས་ཐོག་ཏུ་འཁོར་རྒྱུག་གང་འདྲ་བྱེད་ཀྱི་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-01

    ཟུངས་ཁྲག་ནི་སྙིང་ཁམས་ལ་ལྷན་སྐྱེས་ནུས་པའི་གནོན་བཙིར་ཕོག་ནས་ཁྲག་རྩ་བརྒྱུད་དེ་ལུས་པོ་ཡོངས་ལ་མཁོ་འདོན་བྱེད་ཀྱི་ཡོད་པ་དང་། ཁྲག་རྩ་ལའང་འཕར་རྩ་དང་སྡོད་རྩ་ཞེས་རིགས་གཉིས་ལ་དབྱེ་ཡོད། སྤྱིར་ཟུངས་ཁྲག་ནི་སྙིང་ཁམས་བརྒྱུད་འཕར་རྩ་ནས་ལུས་པོ་ཡོངས་ལ་ཁྱབ་ཀྱི་ཡོད་པ་དང་། དེ་མིན་ཟུངས་ཁྲག་གི་འཚོ་བཅུད་རྣམས་ཕྲ་ཕུང་ཁག་ལ་མཁོ་འདོན་བྱེད་ཀྱི་ཡོད་ཅིང་། ཕྲ་ཕུང་གིས་ཀྱང་འཚོ་བཅུད་དེ་རྣམས་ཡང་བསྐྱར་དྭངས་སྙིགས་ཕྱེ་ནས།  ཕྲ་ཕུང་ལ་མི་མཁོ་བའི་འཚོ་བཅུད་ཚང་མ་སྡོད་རྩ་བརྒྱུད་གློ་བ་དང་མཁལ་མ་སོགས་སུ་ཡང་བསྐྱར་གཙང་བཤལ་ཐེངས་གཅིག་བྱས་ཏེ། སླར་ཡང་སྙིང་ཁམས་སུ་འཁོར་སྐྱོད་བྱེད་ཀྱི་ཡོད། གཞན་བོད་ལུགས་གསོ་རིག་གི་ནང་དུ་མི་ལུས་ཀྱི་ཁྲག་ཁམས་འཁོར་ཚུལ་དང་འབྱུང་བའི་བྱེད་ལས་ལ་བསྟུན་ནས་གསལ་འགྲེལ་བྱས་ཡོད་པ་ནི་ཤིན་ཏུ་ངོ་མཚར་ཆེ་བའི་ཡང་དག་གི་རང་བྱུང་ཚན་རིག་ཅིག་རེད། 

    དེས་ན་མི་རྣམས་ཀྱིས་དུས་རྒྱུན་འཚོ་བ་དང་ལས་དོན་གྱི་ཁྲོད་དུ་གློ་བུར་ལུས་པོའི་ཡན་ལག་ལ་རྨས་སྐྱོན་ཕོག་ན། ཨང་དང་པོར་འཕར་རྩའི་རྨས་སྐྱོན་ལ་བཅོས་ཐབས་བྱས་ནས་ཟུངས་ཁྲག་མང་པོ་མ་ཤོར་བ་བྱེད་རྒྱུ་གལ་ཆེའོ། རྒྱུ་མཚན་ནི་རྨས་སྐྱོན་ཁྲོད་དུ་ཁྲག་ཤོར་ནས་སྲོག་ཉེན་ཐོན་མཁན་མང་པོ་ཡོད་པས་སོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།