དབུ་ཤོག>གསར་འགྱུར།
  • 《ཡུལ་སྐོར་དང་།རིག་གནས།ལུས་རྩལ།བདེ་ཐང་།རྒན་གསོ།སློབ་གསོ་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་འཛད་སྤྱོད་སྔར་བས་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-11-30

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཡུལ་སྐོར་དང་། རིག་གནས། ལུས་རྩལ། བདེ་ཐང་། རྒན་གསོ། སློབ་གསོ་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་འཛད་སྤྱོད་སྔར་བས་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་རྒྱལ་ནང་གི་འཛད་སྤྱོད་དང་ལྷག་དོན་དུ་ཡུལ་སྐོར་དང་། རིག་གནས། ལུས་རྩལ། བདེ་ཐང་། རྒན་གསོ། སློབ་གསོ་གསོ་སྦྱོང་སོགས་ཀྱི་ཞབས་ཞུའི་འཛད་སྤྱོད་སྔར་བས་རྒྱ་ཆེར་གཏོང་བའི་སྲིད་ཇུས་བྱ་ཐབས་བཀོད་སྒྲིག་བྱས་པ་རེད།

    《བསམ་འཆར》ནང་མིག་སྔར་རང་རྒྱལ་གྱི་རྒྱལ་ནང་འཛད་སྤྱོད་རྒྱུན་མཐུད་བརྟན་པོའི་ངང་འཕར་ནས་དཔལ་འབྱོར་འཁོར་སྐྱོད་སྤྱིར་བརྟན་པོ་ཡོད་ལ་བརྟན་ཁྲོད་ཡར་འཕེལ་ཐད་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཡོད། མང་ཚོགས་ཀྱི་རེ་སྒུག་དང་འཚམ་པ་བྱས་ཏེ་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་འཛད་སྤྱོད་ཁྱབ་ཁོངས་དང་ལྷག་དོན་དུ་ཞབས་ཞུའི་འཛད་སྤྱོད་ཁྱབ་ཁོངས་ལ་མཁོ་སྤྲོད་ནུས་ལྡན་དང་ཞན་ཆ་གསབ་ཐུབ་པ་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་། ཞབས་ཞུའི་ལས་རིགས་འཕེལ་རྒྱས་དང་དཔལ་འབྱོར་རིགས་བསྒྱུར་རིམ་སྤོར་ལ་སྐུལ་འདེད། དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་སྐྱེད་བསྲིང་བཅས་བྱ་རྒྱུར་ཕན་པ་ཐོབ་པ་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ། ཞབས་ཞུའི་སྒྱུར་བཅོས་ལེགས་གཏོང་བཅས་ལ་སྐུལ་མ་གཏིང་ཟབ་བཏང་ནས་སྒྲིག་གཞི་དང་ལམ་སྲོལ་གྱི་འགོག་རྐྱེན་མེད་པ་བཟོ་བ་དང་། ཁྲོམ་རའི་ཆོག་འཐུས་ལྷུག་ཏུ་གཏོང་བ་བཅས་བྱས་ཏེ་འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་པ་དང་། དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི་གསོན་ཤུགས་འཕེལ་བ་བྱེད་པ། ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ་བཅས་དང་གསར་དར་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་། སྲོལ་རྒྱུན་གྱི་འཛད་སྤྱོད་བརྟན་པོ་ཡོང་བ་བྱེད་པ། མངོན་མེད་འཛད་སྤྱོད་སྔོག་འདོན་བཅས་ཧུར་ཐག་བྱེད་དགོས་ལུགས་བསྟན་ཡོད།

    《བསམ་འཆར》ནང་ཕྱོགས་གསུམ་ཐད་ནས་འཛད་སྤྱོད་སྔར་བས་རྒྱ་ཆེར་གཏོང་བའི་སྲིད་ཇུས་བྱ་ཐབས་བཏོན་ཡོད་པ་སྟེ། གཅིག་ནི་བདེ་སྐྱིད་ཐོན་ལས་ཀྱི་ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་གཤོང་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་མ་ཧུར་ཐག་གཏོང་རྒྱུ་དེ་ཡིན་ཞིང་། ཡུལ་སྐོར་དང་། རིག་གནས། ལུས་རྩལ། བདེ་ཐང་། རྒན་གསོ། སློབ་གསོ་གསོ་སྦྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཞབས་ཞུའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ་བརྒྱུད་མངོན་མེད་འཛད་སྤྱོད་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐུབ་པ་བྱེད་པའི་ནང་གཙོ་བོ་རྒྱལ་སྤྱིའི་ཡིག་ཟམ་གྲུ་གཟིངས་བསྡད་དེ་རྒྱལ་མཚམས་ནང་སྐྱོད་པའི་ཡུལ་སྐོར་ཚོགས་པར་ཉིན་15ཡི་རིང་འཐུས་མཆན་འགོད་མི་དགོས་པའི་སྲིད་ཇུས་དེ་འགག་སྒོ་དེ་བས་མང་བར་རིམ་བཞིན་རྒྱ་ཆེར་གཏོང་བ་དང་། རིག་གནས་གསར་གཏོད་དང་ཐོན་རྫས་གསར་སྤེལ་གྱི་ཚོད་ལྟ་དེ་ཆ་རྐྱེན་ཚང་བའི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་རིག་གནས་རིག་དངོས་ཚན་པ་བར་འོས་འཚམ་ངང་ཁྱབ་གདལ་གཏོང་བ། ལོ་འཁོར་ནང་ལུས་རྩལ་རིགས་ཀྱི་སྤྱི་ཚོགས་ཚོགས་པ་དེ་ལས་ཁུངས་ནས་ཁ་བྲལ་རྒྱུའི་ཚོད་ལྟ་ཁག་དང་པོ་དེ་བྱེད་རྒྱུ་དང་རྒྱལ་ཡོངས་སུ་ཚོང་ལས་ཀྱི་བདེ་ཐང་འགན་བཅོལ་གྱི་མི་སྒེར་གྱི་ཐོབ་ཁྲལ་དེ་ཁྲལ་མ་འཇལ་གོང་འཐེན་འཕྲི་བྱེད་པའི་སྲིད་ཇུས་ཁྱབ་གདལ་འོས་འཚམ་གཏོང་རྒྱུ། རྒན་གསོའི་ཞབས་ཞུའི་སྒྲིག་གཞི་གཉེར་རེ་ཞུ་བའི་ལུགས་དང་མ་མཐུན་པའི་སྔོན་ཚུད་ཀྱི་ཞིབ་བཤེར་ཆོག་མཆན་མེད་པ་བཟོ་རྒྱུ། རང་བྱུང་ཚན་རིག་དང་། བཟོ་སྐྲུན། ཞིང་ལས། གསོ་རིག་བཅས་དང་རྒྱལ་ཁབ་ལ་འཕྲལ་དུ་མཁོ་བའི་སྣོལ་མའི་མདུན་གྲལ་སློབ་ཚན་དང་ཉམས་ཞན་གྱི་སློབ་ཚན་ཁྱབ་ཁོངས་སུ་ཀྲུང་ཕྱིའི་མཉམ་ལས་སློབ་གཉེར་སོགས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་བཅས་ཚུད་ཡོད་པ་དང་། གཉིས་ནི་སྲོལ་རྒྱུན་གྱི་དངོས་རྫས་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་རིམ་སྤོར་ལ་སྐུལ་མ་ཤུགས་ཆེན་གཏོང་བ་དེ་ཡིན་ཞིང་། སྲོལ་རྒྱུན་གྱི་དངོས་རྫས་འཛད་སྤྱོད་རིམ་སྤོར་གཙོ་གནད་དུ་བྱས་ཏེ་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཐོན་རྫས་མཁོ་སྤྲོད་གསར་གཏོད་དང་མང་དུ་གཏོང་བ། འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་གསར་གཏོད་བཅས་བྱེད་པའི་ནང་རླངས་འཁོར་ཕྱིར་ཚོང་གི་སྤུས་རྟགས་དབང་བསྐུར་གྱི་རྣམ་པ་རྐྱང་པ་མེད་པ་བཟོ་བ་དང་། ཁྱིམ་སྤྱོད་ལྗང་མདོག་གཙང་བཟོའི་ཡོ་བྱད་ཀྱི་ནུས་པའི་ཚད་གཞི་བཟོ་བ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་ཐོན་རྫས་ཁྱབ་གདལ་དཀར་ཆག་བཟོ་བ་སོགས་ཚུད་ཡོད་པ། གསུམ་ནི་འཛད་སྤྱོད་ཁྲོམ་རའི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས་པ་དེ་ཡིན་ཞིང་། འཛད་སྤྱོད་ཐད་ཡུལ་མིས་ཡིད་ཆེས་བྱ་ཤུགས་ཆེ་རུ་འགྲོ་བར་དམིགས་ནས་ཡུལ་མི་མངའ་ཁོངས་ཕྱིར་འཛད་སྤྱོད་བྱེད་པར་བསྐྱོད་རྒྱུའི་ཡིད་དབང་བཀུག་སྟེ་སྟབས་བདེ་དང་། བློ་བདེ། སེམས་སྐྱིད་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་གཏོད་པའི་ནང་གཙོ་བོ་གྲོང་ཁྱེར་གྱི་མགྱོགས་མྱུར་འཛད་སྤྱོད་བྱེད་དགོས་པའི་དངོས་རྫས་སོགས་དམངས་འཚོའི་དངོས་ཟོག་སྡེབ་སྐྱེལ་དང་ཟོག་འགྲེམས་ནུས་པ་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞིང་ཞོར་ཁྲོམ་ར་དང་ཟོག་འདྲེན་ཡོ་ཆས་སོགས་ལ་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། ནང་ངོས་སུ་རྒྱུན་སྤྱོད་འཛད་རྫས་ཕྱིར་ཚོང་བྱེད་པར་ཐོན་སྐྱེད་སྒྲུབ་རིམ་དང་། ཚད་གཞི། སྤུས་ཚད་བཅས་གཅིག་པ་ཡོང་བ་བྱེད་པ། རིག་ལྡན་ཁྱིམ་ཚང་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཚད་ལྡན་མ་ལག་འཛུགས་མགྱོགས་སུ་གཏོང་རྒྱུར་སྐུལ་མ་གཏོང་བ་སོགས་ཚུད་ཡོད་པ་བཅས་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།