དབུ་ཤོག>གསར་འགྱུར།
  • ཤིན་ཅང་པོ་ཧུའུ་ཡིས“མཉམ་ལས་ཁང་དང་དུད་ཚང་དབུལ་པོ”ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་དེ་དབུལ་པོ་ལས་སྒྲོལ་ཐབས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-11-29

    343482_yis_1480312050956.jpg

    ཉེ་བའི་ལོ་ཤས་རིང་། ཤིན་ཅང་པོ་ཧུའུ་རྫོང་གིས་ཐོན་ལས་གསར་གཏོད་ལ་བརྟེན་ནས་དབུལ་སྐྱོར་གྱི་བྱེད་སྟངས་དང་མཉམ་ལས་ཁང་གཞི་རྟེན་དུ་བྱས་ནས“མཉམ་ལས་ཁང་དང་དུད་ཚང་དབུལ་པོ”དང་ཁྱིམ་དུད་ཆེ་བས་ཆུང་བ་འཁྲིད་པའི་ཐོན་ལས་འབྲེལ་ཐག་འཛུགས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་དོན་དངོས་ལ་གཞི་ཚུགས་པ། གནད་སྨིན་ཇུས་འདོན་དང་གནད་སྨིན་ཤུགས་འདོན་གྱིས་ཞིང་འབྲོག་མང་ཚོགས་ལ“ཕྱུག་འགྱུར་ཐབས་ལམ་འཚོལ་བ་དང་དབུལ་པོའི་གནས་ལས་སྒྲོལ”རྒྱུར་ཁྲིད་སྟོན་བྱས་ནས་ཁྱད་ལྡན་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ས་གནས་ཀྱི་ཁྱད་ལྡན་ཐོན་ལས་གཙོ་བོ་གསོ་སྐྱོང་བྱས་པ། ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཆགས་པ་བྱས་པ། ཁྲོམ་རའི་འགྲན་རྩོད་ཆེ་རུ་བཏང་སྟེ། ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཤིང་། འདི་ནི་2016ལོའི་ཟླ་11ཚེས་26ཉིན་ཤིན་ཅང་པོ་ཧུའུ་རྫོང་ཁྲ་ཀན་ནུའར་ཤང་ཕུའུ་རུང་བྱ་གསོ་ར་བའི་མཉམ་ལས་ཁང་གི་ཚན་རྩལ་ཕྱུག་འགྱུར་སྣེ་འཁྲིད་པ་ཞེ་རུང་གིས་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ཡུ་གུར་རིགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཨ་མན་ཀུའུ་ལི·ཁཱ་ཏིའར་ལ་བྱ་དེ་གསོ་ཚགས་བྱེད་སྟངས་སློབ་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།