གཟའ་འཁོར་འདིའི་གཟའ་མཇུག་ཏུ་ཤར་རྒྱུད་དུ་ཆར་ཆུ་འབབ་རྒྱུ་དང་ལྷགས་པ་ཆེན་པོ་རྒྱག་མང་དུ་འགྲོ་རྒྱུ།
གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་11ཚེས་28ནས་ཟླ་12ཚེས་4ཉིན་བར)
གཟའ་ཟླ་བ་ནས་ལྷག་པ་བར། ཉིང་ཁྲི་དང་མངའ་རིས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་དྭངས་་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། གཟའ་ཕུར་བུ་ནས་སྤེན་པ་བར། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གངས་ཆུང་བ(ཆར་པ)འབབ་རྒྱུ་མ་ཟད་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་6བར་ཆག་རྒྱུ། ས་བབ་མཐོ་བའི་ས་ཆ་ཆ་ཤས་ལ་གངས་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ། གཟའ་ཉི་མར་ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་གནམ་དྭངས་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ།
གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་གཞིས་རྩེའི་ལྷོ་ནུབ་རྒྱུད་ཀྱི་ས་ཆ་ཆ་ཤས་ལ་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཐོལ་རླུང་རིམ་པ་5ཡས་མས་རྒྱག་རྒྱུ།
གཉིས། གྲོས་འགོ
1.གཟའ་འཁོར་འདིའི་ནང་ལྷགས་པ་ཆེན་པོ་རྒྱག་མང་བ་དང་ཆར་ཆུ་འབབ་ཉུང་བས་མེ་སྐྱོན་རིམ་པ་ཅུང་མཐོ། དེར་བརྟེན་ནགས་ཚལ་དང་རྩྭ་རའི་མེ་ཟོན་ལས་དོན་ཡག་པོ་སྒྲུབ་དགོས། གྲོང་ཁྱེར་དུ་མེ་སྤྱོད་སྐབས་བདེ་འཇགས་ལ་དོ་སྣང་བྱེད་དགོས།
2.ནག་ཆུ་དང་། ཆབ་མདོ་དང་ཉིང་ཁྲིའི་འབྲེལ་མཚམས་སུ་གངས་གསོག་ཐེབས་ཡོད་པས་ཕྱིར་འགྲོ་སྐབས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས།