དབུ་ཤོག
  • དགུན་དུས་ཟས་སྤྱོད་ཀྱི་འཛེམ་ཟོན་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-28

    དགུན་དུས་ཟིན་པ་དང་ས་མཐོའི་ཡུལ་དུ་འཚོ་གནས་བྱེད་བཞིན་པའི་མི་རྣམས་ཀྱི་འཚོ་བའི་གོམས་གཤིས་ནི། ཤ་མར་ཐུད་སོགས་བཅུད་ཆེ་རིགས་མང་ཙམ་བསྟེན་ནས་ལུས་ཁམས་གསོ་ཐབས་བྱེད་བཞིན་ཡོད། ཡིན་ནའང་དགུན་དུས་ཀྱི་ནམ་ཟླ་རིང་མོ་དེའི་ནང་བཅུད་ཆེ་དྲགས་ན་ངེས་པར་དུ་གྲིབ་སྐྱོན་དང་སྙིང་རྩའི་ནད་གཞི། དེ་མིན་ཟས་རིགས་བསིལ་དྲོད་ཀྱི་རྐྱེན་པས་ཆམ་རིམས་སོགས་ན་ཚ་ཕོག་རྒྱུར་ཡིད་གཟབ་ཆེན་པོ་བྱེད་དགོས། 

    དགུན་གྱི་དུས་སུ་སྔ་ཉལ་ཕྱི་ལངས་བྱས་ཏེ་གཉིད་གང་ཐུབ་ཉལ་དགོས། དེ་མིན་ཁང་པའི་སྒེའུ་ཁུང་ཕྱེ་སྟེ་མཁའ་རླུང་སོས་པ་ཡོང་བ་བྱེད་དགོས་པ་དང་། སྒོ་ཟོག་གི་ཤ་རིགས་སམ་སྲན་རིགས་འོས་འཚམ་བསྟེན་ནས་འཚོ་བཅུད་ཁ་གསབ་བྱེད་དགོས། དེ་བཞིན་དགུན་དུས་སུ་སེམས་ལ་འཚབ་འཚུབ་དང་སེམས་འགུལ་ཆེ་བ། ཡིད་མུག་པ་སོགས་ཀྱི་རྟགས་མཚན་བྱུང་ན་དུས་ཐོག་ཏུ་མགོ་གཡེང་སའི་གནས་ཤིག་བཙལ་ཏེ་སེམས་ཁམས་སྙོམས་ཐབས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།