རྒྱུན་དུ་རང་ཉིད་ཀྱི་མལ་གདན་སྲབ་པོ་དེ་བལྟས་ཚོད་ལ་གཙང་མ་ཡིན་པའི་ཚུར་སྣང་ཡོད་མོད། དོན་དངོས་ཐོག་མལ་གདན་གྱི་སྟེང་ན་འབུ་ཕྲ་དང་ནད་དུག་འབོར་ཆེན་ཡོད་པས། གལ་སྲིད་ང་ཚོས་མལ་གདན་ཡང་སེ་བཀྲུས་ནས་མ་བརྗེས་ན། དབུག་འཚང་དང་ཡ་མ། པགས་ནད་སོགས་ཀྱི་ནད་རིགས་སློང་གི་རེད།
དེས་ན་འབྲེལ་ཡོད་ཞིབ་འཇུག་པས་གཟའ་འཁོར་གཉིས་རེར་མལ་གདན་སྲབ་པོ་ཐེངས་རེ་བཀྲུས་ནས་བརྗེ་པོ་རྒྱག་དགོས་པ་དང་། མལ་གདན་བཀྲུ་སྐབས་ཆུ་ཚ་པོའི་ནང་དུ་དུས་ཚོད་གང་འཚམས་སྦངས་ན་གཞི་ནས་ནད་འབུ་ལ་སོགས་གཙང་སེལ་ཐུབ་པའི་དྲན་སྐུལ་བྱས་ཡོད།