དབུ་ཤོག>གསར་འགྱུར།
  • འཕེལ་རྒྱས་དང་བརྟན་ལྷིང་གི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-11-11

    འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས“233”གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་བསམ་ཕྱོགས་ལ་བརྟེན་ནས་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ། འཆར་འགོད་ལ་མཐོང་ཆེན་དང་བྱ་ཐབས་གསར་གཏོད་ཀྱིས“ཤུགས་སྣོན་ལྔ”བརྒྱུད། གྲོང་ཁྱེར་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་མ་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    ཏང་འཛུགས་སྐྱོང་ལ་དམིགས་ནས་ཤུགས་སྣོན་བརྒྱབ་པ། འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཨུད་ཀྱིས་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་ལ་དོ་དམ་དང་ཧྲུའུ་ཅིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་གྲོང་ཨུད་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཏང་འཛུགས་སྐྱོང་གི་འབྲེལ་གཏུག་ས་ཚིགས་ཁག་34བཙུགས་པ་དང་འབྲེལ། “ཧྲུའུ་ཅིས་དམ་འཛིན་དང་། ཧྲུའུ་ཅིར་དམ་འཛིན”བྱེད་པ་དང“རིམ་གསུམ་མཉམ་བཤད་མཉམ་གདེང་མཉམ་བརྟན”ལག་ལེན་གཏིང་ཟབ་བསྟར་བ་དང་དུས་མཚུངས། ཏང་དོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་དོན་ལས་བྱེད་པ་བཀོད་སྒྲིག་དང་གསོ་སྦྱོང་ལ་སྔོན་ལ་བསམ་བློ་བཏང་ནས། རིམ་ཁག་ཏང་དོན་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཁག་15གཉེར་བར་མི་ཐེངས་1720ཟིན་ཡོད།

    ཏང་འཛུགས་སྐྱོང་གི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་པ། ཉིང་ཁྲི་གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས“233”གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་བསམ་ཕྱོགས་བཏོན་ཏེ། 《2016ལོ་ནས་2020ལོ་བར་གྱི་ཉིང་ཁྲིའི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་འཆར་འགོད》ཞིབ་འཇུག་བྱས་ནས་བཟོས་པ་དང་དུས་མཚུངས། མིག་སྔའི་ཞིང་འབྲོག་ཁུལ་གྱི་གཙོ་གནད་ལས་དོན་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ་རྨང་བརྟན་དམངས་ཕན་དང་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་རིག་གནས་བྱང་ཚད་མཐོ་རུ་གཏོང་བ་སོགས་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་དུ་བརྩིས་ཐོག་ཐོན་ཁུངས་བསྡུ་སྒྲིལ་དང་ཕྱོགས་གཅིག་ཏུ་ཤུགས་རྒྱག་པ་དང་། “དཔུང་ཁག་གསུམ”(གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། ཧྲུའུ་ཅི་དང་པོ། གྲོང་ཚོའི་ལས་བྱེད་པ)གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུའི་ཐད་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱས་ནས་འགན་དབང་ཁ་གསལ་བཟོས་ཏེ་ལས་གནས་སྟོང་པར་ལུས་པ་དང་། ལས་གནས་ལས་བརྒལ་བ། ལས་གནས་ཐོག་མ་འབྱོར་བ་བཅས་སྔོན་འགོག་བྱས་ཡོད།

    ཏང་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ། འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྩ་འཛུགས་སྟོབས་ཆེར་གཏོང་བའི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་བས་གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ་སོགས་སུ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཚད་100%ཟིན་པ་དང་། སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་སོགས་སུ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཚད་60%ཡན་ཟིན་པ་དང་འབྲེལ། ཏང་གི་ལས་དོན་ཁྱབ་ཁྱོན་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ཡོད། ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད། “གཉིས་ལྡན་དུད་སྦྲེལ”གཏོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྔ་རྗེས་སུ་ལས་བྱེད་པ་2000གྲོང་ཚོ(གྲོང་ལྷན)498དང་དགོན་སྡེ་དོ་དམ་ཨུ་ལྷན་45ལ་མངགས་ནས“གཉིས་ལྡན་དུད་སྦྲེལ”གྱི་ཚན་པ་6450བཙུགས་ཡོད།

    ཏང་འཛུགས་སྐྱོང་གི་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ། འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བས། ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་ཀྱི་ཏང་དོན་དང་གྲོང་དོན་ཡོངས་བསྒྲགས་བྱེད་པ་དང་། དོན་དག་གྲོས་བསྡུར་གྱི་ཐབས་ཇུས་གོ་རིམ་ལྡན་པ། ལྟ་སྐུལ་དོ་དམ་ཚན་རིག་དང་མཐུན་པ། མང་ཚོགས་ལ་ཞབས་འདེགས་རྒྱུན་རྣམ་ཅན་དུ་འགྱུར་བ་བཅས་བྱུང་ཡོད། 《གྲོང་ཚོའི(གྲོང་ལྷན)ལས་བྱེད་པར་ཚད་འབེབས་དོ་དམ་ཁྱབ་གདལ་གཏོང་རྒྱུའི་བསམ་འཆར》དང《གྲོང་ཚོའི(གྲོང་ལྷན)ལས་བྱེད་པར་དཔྱད་ཞིབ་དང་ལྕག་སྐུལ་གཏོང་བའི་བྱ་ཐབས(ཚོད་ལྟ་བྱེད་པ)》བཏོན་ནས། གྲོང་ཚོའི(གྲོང་ལྷན)ལས་བྱེད་པས་རང་འགུལ་ངང་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་རྫོང་(ཆུས)ནོར་སྲིད་ནས་མ་དངུལ་གཙོ་བོར་གཏོང་བ་དང་། ཏང་དངུལ་གྱིས་གཞོགས་འདེགས་བྱེད་པ། བོད་སྐྱོར་མ་དངུལ་གྱིས་ཁ་གསབ་བྱེད་པ་བཅས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་འགྲོ་གྲོན་གཏོང་སྟངས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཡོད།

    ཏང་འཛུགས་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་བྱས་ཚུལ་དང་། གྲོང་ཨུད་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་འཆར་འགོད་དོན་འཁྱོལ་བྱས་ཚུལ་སོགས་ལ་དམ་པོར་དམིགས་ནས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་དམིགས་ཚད་དང་ལས་འགན་ཁག་དོན་དུ་འཁྱོལ་བ་བྱས་ནས་ཕན་འབྲས་ཐོན་པ་དང་འབྲེལ། ལྟ་སྐུལ་མཛུབ་ཁྲིད་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་པ་དང་ལེགས་སུ་བཏང་ཁར《གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་ལྟ་སྐུལ་ཞིབ་བཤེར་གྱི་ལམ་ལུགས》ཞིབ་འཇུག་བྱས་ནས་བཟོས་པ་དང་ལྟ་སྐུལ་ཞིབ་བཤེར་གྱི་གཙོ་གནད་ལས་དོན་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།