འདི་ནི་འཐག་མཁན་གྱིས་བསྒྲིལ་ཟིན་པའི་སྲི་སྐུད་ལ་ཞིབ་བཤེར་བྱས་ནས་ཁོད་སྙོམས་མིན་ལྟ་བའི་གནས་ཚུལ་ཡིན་པ།
འདི་ནི་འཐག་མཁན་གྱིས་སྲོལ་རྒྱུན་གྱི་རི་མོ་ལྟར་སྲི་སྐུད་ཐགས་ཁྲིར་བཀལ་ནས་ཚོས་རྒྱག་རྩིས་བྱེད་པའི་གནས་ཚུལ་ཡིན་པ།
ཤིན་ཅང་ཧོ་ཐན་གྲོང་ཁྱེར་ཅི་ཡ་ཤང་ནས་ཐོན་པའི་ཨའེ་ཏེ་ལའེ་སི་དར་གོས་ནི་ཤིན་ཅང་གི་སྲོལ་རྒྱུན་ཁྱད་ལྡན་འཁེལ་འཐག་ཐོན་རྫས་ཤིག་རེད། ཅི་ཡ་ཤང་དུ་ད་ལྟའང་གནའ་བོའི་རྩི་ཤིང་གི་ཚོས་རྒྱག་ལག་རྩལ་དང་སྲོན་རྒྱུན་གྱི་ཤིང་གི་ཐགས་ཁྲི་མང་པོ་ཡོད། ཨའེ་ཏེ་ལའེ་སི་དར་གོས་ཐོག་གི་རི་མོ་ནི་འཚོ་བ་ལས་བྱུང་བ་ཤ་སྟག་ཡིན་ཞིང་། རྒྱུན་དུ་མཐོང་རྒྱུ་ཡོད་པའི་གྲས་སུ་རྩི་ཤིང་དང་། མེ་ཏོག ཤིང་རིས་ལ་སོགས་ཡོད་པ་རེད།
བཟོ་བཀོད་ལག་རྩལ་རྙོག་འཛིང་ཆེ་ལ་མ་གནས་ཀྱང་ཅུང་མཐོ་བས་སྲོལ་རྒྱུན་གྱི་ཨའེ་ཏེ་ལའེ་སི་དར་གོས་འཐག་རྩལ་ཤེས་མཁན་དེ་ཙམ་མང་པོ་མེད། ཉེ་བའི་ལོ་ཤས་རིང་སྲིད་གཞུང་དང་ཁེ་ལས་ཀྱི་རོགས་སྐྱོར་འོག་སྲོལ་རྒྱུན་གྱི་ཨའེ་ཏེ་ལའེ་སི་དར་གོས་ལ་བཀྲག་མདངས་སླར་ཡང་མངོན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཅི་ཡ་ཤང་དུ་ཨའེ་ཏེ་ལའེ་སི་དར་གོས་ཐོན་སྐྱེད་ཚོང་དུད་དང་མཉམ་ལས་ཁང་50ལྷག་ཙམ་ཡོད་པ་དང་། ཨའེ་ཏེ་ལའེ་སི་དར་གོས་ཐོན་སྐྱེད་ཆེད་ལས་དུད་ཁྱིམ་2000ཙམ་ཡོད་པ། ལོ་རེར་དར་གོས་ཐོན་ཚད་ཡུག་ཁྲི་50ལྷག་ཙམ་ཟིན་པ། ལོ་རེར་ཆ་སྙོམས་དུད་ཁྱིམ་རེར་འབབ་འཕར་སྒོར་ཁྲི་8.4ལྷག་ཙམ་ཡོང་གི་ཡོད་པ་རེད།