གཅིག ལག་པ་མང་ཙམ་བཀྲུ་དགོས་པ། ཚན་རིག་མཁས་ཅན་གྱིས་ཆམ་ནད་ཀྱི་ནད་དུག་ལག་པའི་སྟེང་དུ་ཆུ་ཚོད་གཉིས་གསོན་ཐུབ་ཅེས་བརྗོད་ཀྱི་ཡོད་པས་གལ་ཏེ་ཆམ་ནད་ཕོག་པའི་ནད་པས་རེག་པའི་དངོས་པོར་མི་གཞན་གྱིས་རེག་ཚེ་ཆམ་ནད་འགོ་སྲིད།
གཉིས། རྒྱུན་དུ་སོ་ཤད་མང་ཙམ་བརྗེ་དགོས་པ། ཚང་མས་རྒྱུན་དུ་བེད་སྤྱོད་བྱེད་པའི་སོ་ཤད་སྟེང་འབུ་ཕྲ་མང་པོ་སྐྱེ་གི་ཡོད་པས། རྟག་ཏུ་ཆུ་ཁོལ་ནང་སྦངས་ནས་དུག་སེལ་བྱེད་དགོས་པ་དང་། སོ་ཤད་ངེས་པར་ཟླ་བ་2ནས་3ནང་གསར་པ་བརྗེ་དགོས།
གསུམ། སྣ་འཕུར་འཕུར་མང་ཙམ་གཏོང་དགོས་པ། ལག་པ་གཉིས་ཀྱི་དཀྱིལ་མཛུབ་དང་གོང་མཛུབ་ཀྱིས་སྣ་གཤོག་གི་གཡས་གཡོན་གཉིས་ནས་སྣ་རྩ་བར་དུ་དལ་བུར་གནོན་པ་དང་ཡར་མར་འཕུར་འཕུར་མང་ཙམ་གཏོང་དགོས།
བཞི། ཆུ་གྲང་མོས་ངོ་གདོང་འཁྲུ་བ་དང་ཆུ་ཚ་པོས་རྐང་པ་བཀྲུ་དགོས། ཉིན་ལྟར་ཞོགས་པ་དང་དགོང་མོ་ཆུ་གྲང་མོས་ངོ་གདོང་འཁྲུ་བ་དང་དགོང་མོ་ཉལ་ཁར་ཆུ་ཚ་པོས་རྐང་པ་བཀྲུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
ལྔ་པ། དགོང་མོ་ངོ་གདོང་བཀྲུ་སྐབས་ཨ་ཅོར་ཆུ་ཚ་པོའི་ནང་སྦངས་ནས་རྣ་བ་མང་ཙམ་འཕུར་དགོས།