དབུ་ཤོག>གསར་འགྱུར།
  • “ལོ་ལྔ་ཚན་བཅུ་གསུམ་པ”འགོ་འཛུགས་པའི་ལོ་འདིར་བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུའི་སྐུལ་མ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2016-10-27

    ལི་ཝུའུ་ནི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བོད་ལྗོངས་བསྡོམས་རྩིས་ཁོངས་གཏོགས་སུ་མངགས་གཏོང་བྱས་པའི་བོད་སྐྱོར་ལས་བྱེད་པ་བརྒྱད་པ་དེ་ཡིན་པ་དང་ཁོང་གིས་ལས་འགན་ཁུར་བའི་ལས་དོན་དང་པོ་ནི་རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུར་ཞུགས་རྒྱུ་དེ་རེད། བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པ་བོད་དུ་ཡོང་ནས་ཉིན་བརྒྱ་ཙམ་ཕྱིན་ཡོད། ལི་ཝུའུ་དང་འདྲ་བར་ཁོངས་གཏོགས་སོ་སོའི་བོད་སྐྱོར་ལས་དོན་ཚོགས་འདུར་ཞུགས་རྒྱུ་དེ་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པ་བོད་དུ་ཡོང་ནས་ཉིན་བརྒྱ་ཡི་ནང་བརྗེད་པར་དཀའ་བའི་ལས་དོན་ཡིན་པ་རེད།

    གསར་འགོད་པར་ཉེ་ཆར་འཚོགས་པའི་2016ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔར་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་37འཚོགས་ནས་རྣམ་གྲངས་1144དང་མ་དངུལ་སྒོར་དུང་ཕྱུར་253དོན་འཁྱོལ་བྱས་པའི་ཁྲོད་འཆར་གཞིའི་ནང་མ་ཚུད་པའི་མ་དངུལ་སྒོར་དུང་ཕྱུར་55བཏང་ནས་སྒྲོམ་གཞིའི་གྲོས་ཆོད་186བཞག་པ་རེད།

    རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་ཐད“གཟིགས་སྐྱོང་གཉིས”དང“80%གཉིས”ཏེ། “ཞིང་འབྲོག་ཁུལ་དང་གཞི་རིམ་ལ་གཟིགས་སྐྱོང་དང་དམངས་འཚོར་གཟིགས་སྐྱོང”དང“བོད་སྐྱོར་མ་དངུལ་80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་སྤྱོད་པ་དང་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་སྤྱོད་པ”གཉིས་སོ།

    ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལང་ཝུའེ་ཝུའེ་ཡིས་ཉེ་དུས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཁང་གི་གལ་ཆེའི་ཚོགས་འདུ་ཐེངས་གསུམ་བསྟུད་མར་གཙོ་སྐྱོང་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཆ་ལག་ཚང་ལ་གཏིང་ཟབ་པའི་ཞིབ་འཇུག་བྱས་ཏེ“བོད་སྐྱོར་ནི་བོད་ཡུན་རིང་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་པ་དང་། བོད་ཀྱི་དེང་རབས་ཅན་གྱི་རྒྱུ་རྐྱེན་གཙོ་བོ་གྲུབ་རྒྱུར་སྐུལ་མ་གཏོང་བའི་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད”ཅེས་བཤད་པ་དང་། ཡང་ཁོང་གིས“བོད་ཀྱི་ལས་དོན་དེ་ཀྲུང་དབྱང་དང་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་འཆར་འགོད་ནང་བཅུག་པ་མ་ཟད་བོད་ཀྱི་དོན་དངོས་གཞིར་བཟུང་། ཞིང་འབྲོག་ཁུལ་དང་གཞི་རིམ་དང་དམངས་འཚོར་གཟིགས་སྐྱོང་གིས་རོགས་སྐྱོར་གྱི་གཙོ་གནད་དེ་བས་ཁ་གསལ་ཡོང་བ་བྱེད་དགོས་པའི”ངོས་འཛིན་བྱས་པ་རེད།

    མལ་གྲོ་གུང་དཀར་རྫོང་ལ་དཔེ་མཚོན་ན། འདས་ཟིན་པའི་ལོ་5ཡི་ནང་རྫོང་དེས་བོད་སྐྱོར་རྣམ་གྲངས་18དོན་འཁྱོལ་བྱས་པའི་ཁྲོད་ཞིང་འབྲོག་ཁུལ་དང་དམངས་འཚོའི་ཐད་ཀྱི་རྣམ་གྲངས་15 ཚུད་པ་དེས་83%བཟུང་ཡོད་པ་རེད།

    བོད་སྐྱོར་ལས་དོན་གྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྡུ་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་སྟངས་འཛིན་ནན་པོ་བྱས་ཏེ། གནད་སྨིན་དབུལ་སྒྲོལ་དང་དམངས་འཚོ་འགན་ལེན་ལ་དེ་བས་སྣང་ཆེན་བྱེད་དགོས་པ་དང་། བོད་སྐྱོར་ལས་དོན་གྱི་ཚོགས་འདུ་ཁག་གི་ཁྲོད་དུ་དགོངས་དོན་དེ་དག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་གང་ལེགས་མཚོན་ཡོད་པ་ལས། རྒྱལ་ཡོངས་དབུལ་སྐྱོར་བོད་སྐྱོར་ལས་དོན་ཚོགས་འདུའི་ཐོག་དབུལ་སྐྱོར་མ་ལག་གི་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་འགོ་བཙུགས་ཏེ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་ཁག་གིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱ་རྒྱུར་སྔར་བས་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་ཆབས་ཅིག“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་འགོ་བཙུགས་པ་དང་། ཁག་གཉིས་པའི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་བདེ་བླག་ངང་སྤེལ་འགོ་བཙུགས་ནས། སློབ་གསོ་དང་སྨན་བཅོས་བྱ་གཞག་ཟམ་མི་ཆད་པར་ཡར་ཐོན་ཡོང་རྒྱུར་རོཌ་རམ་ཆེན་པོ་བྱེད་དགོས།

    འདི་ལོའི་རང་སྐྱོང་ལྗོངས་ཀྱི《སྲིད་གཞུང་ལས་དོན་སྙན་སྒྲོན》ནང་ཁ་གཏད་བོད་སྐྱོར་གྱི་གཟིགས་སྐྱོང་སྲིད་ཇུས་གང་ལེགས་སྤྱད་དེ་དཔལ་འབྱོར་དང་། སློབ་གསོ། འཕྲོད་བསྟེན། ཚན་རྩལ། ལས་ཞུགས། ལས་བྱེད་ཤེས་ལྡན་མི་སྣའི་བོད་སྐྱོར་དང་ལེན་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བསྟན་ཡོད་པས་གནད་སྨིན་བོད་སྐྱོར་རྒྱུན་འཁྱོངས་དང་། བོད་སྐྱོར་མ་དངུལ་གཅིག་འདོམས། རྣམ་གྲངས་ཀྱི་གཙོ་གནད་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་དགོས་།

    རང་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཚོས“ལོ་ལྔ་ཚན་བཅུ་གསུམ་པ”འགོ་འཛུགས་པའི་ལོ་འདིར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བོད་སྐྱོར་ལས་དོན་ཚོགས་འདུ་གཅིག་རྗེས་གཉིས་མཐུད་ངང་འཚོགས་ཏེ་ལས་དོན་འབོར་ཆེན་བསྒྲུབས་ནས། བོད་ལྗོངས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ནས། ང་ཚོར་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་སྔར་བས་ཚོར་བྱུང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། ང་ཚོ་རང་ངོས་ཀྱི་མཐུན་སྒྲིལ་འབད་འཐབ་དང་འབད་བརྩོན་ལྷོད་མེད་བརྒྱུད། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།