ཕྲུ་གུ་སྐྱེས་རྗེས་སྦྲུམ་མར་བརྟག་དཔྱད་བྱས་ན། ལུས་པོ་རྒྱུན་གཏན་ལྟར་སླར་གསོ་ཡོང་བར་འགན་སྲུང་ཐུབ་སྟེ་བདེ་ཐང་དུ་གནས་ཐུབ་ཅིང་། དེར་གཤམ་གསལ་གྱི་དགེ་མཚན་ལྡན་ཡོད་དེ།
ཕྲུ་གུ་སྐྱེས་རྗེས་བརྟག་དཔྱད་བྱས་པ་བརྒྱུད་གཟུགས་པོ་ཡོངས་ཀྱི་ཆ་ཤས་ཁག་རྒྱུན་གཏན་ལྟར་སླར་གསོ་བྱུང་མིན་ཤེས་རྟོགས་ཐུབ་ཀྱི་ཡོད། དེའི་ནང་མཚན་མའི་རྨ་ཁ་ཡག་པོ་གསོས་ཡོད་མེད་དང་བུ་སྣོད་ཚུལ་བཞིན་སླར་གསོ་བྱུང་མིན། ཁྲག་ཤེད་མཐོ་མིན་སོགས་ཚུད་ཡོད།
བརྟག་དཔྱད་བྱས་རྗེས་རྒྱུན་གཏན་མ་ཡིན་པ་ཤེས་འཕྲལ། མྱུར་དུ་བརྟག་བཅོས་བྱེད་པའམ་ཡོ་བསྲང་བྱས་ནས་ཕྲུ་གུ་སྐྱེས་རྗེས་ཐོན་སྲིད་པའི་རྒྱུན་གཏན་མིན་པའི་ནད་རིགས་ཁག་སྔོན་འགོག་བྱ་ཆོག་ལ། ལྷག་པར་དུ་མངལ་མ་གྲོལ་སྔོན་དུ་ནད་གང་ཞིག་ཕོག་པའི་ནད་པས་དེ་བས་བརྟག་དཔྱད་བྱས་ཏེ་ནད་རིགས་དེ་དག་དྲག་སྐྱེད་བྱུང་མིན་ནམ་ལྕི་རུ་འགྲོ་མིན་ལྟ་དགོས།
བརྟག་དཔྱད་བྱས་པ་བརྒྱུད། ཕྲུ་གུ་དམར་འབྱར་གྱི་སྐྱེ་འཚར་གནས་ཚུལ་རྒྱུན་གཏན་ཡིན་མིན་དང་། ནད་གཞན་ཕོག་ཡོད་མེད་ཤེས་རྟོགས་ཡང་བྱ་ཆོག
བརྟག་དཔྱད་བྱེད་སྐབས། སྨན་པའི་ས་ནས་འོ་མ་སྟེར་ལུགས་ཀྱི་སློབ་སྟོན་ཉན་ཆོག་ལ། དུས་ཐོག་ཏུ་འོ་མ་སྟེར་སྐབས་འཕྲད་པའི་གནས་ཚུལ་ཐག་གཅོད་བྱ་ཆོག་པ་མ་ཟད། སྨན་པའི་བསམ་འཆར་ཉན་ནས་རང་ཉིད་ལ་འཚམ་པའི་སྐྱེ་འགོག་བྱ་ཐབས་བདམས་ནས་སྤྱད་ཆོག
ཕྲུ་གུ་སྐྱེས་རྗེས་ཀྱི་བརྟག་དཔྱད་ལེགས་གྲུབ་ཡོང་ཆེད་སྨན་ཁང་ཁག་དང་སྐྱེ་བསུའི་ལས་ཁུངས་ཚང་མར་ཆེད་མངགས་ཀྱི་སྒོ་བསྟེན་སྨན་ཁང་དང་། ཆེད་མངགས་ཀྱི་སྨན་པ་དང་ནད་གཡོག་གིས་འགན་ཁུར་ནས་བརྟག་དཔྱད་བྱེད་ཀྱི་ཡོད། བརྟག་དཔྱད་བྱས་རྗེས། ད་དུང་ཕྲུ་གུ་བྱིས་ནད་ཚན་ཁག་ཏུ་ཁྲིད་ནས་དུས་ངེས་གཏན་ལ་བྱིས་པའི་བདེ་སྲུང་བརྟག་དཔྱད་བྱས་ནས་བྱིས་པ་འཚར་ལོངས་ལེགས་པོ་ཡོང་བའི་འགན་ལེན་བྱེད་དགོས།