དུས་ཡུན་ཉིན་བཞི་ཡིན་པའི་2016ལོའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་རིང་། ཉིང་ཁྲི་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཨུད་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་གཉེར་བའི“མཛེས་སྡུག་ལྡན་པའི་ཉིང་ཁྲི”ཞེས་པའི་པར་རིས་འགྲེམས་སྟོན་གྱིས་མི་མང་པོའི་ཡིད་དབང་བཀུག་ཡོད་ཅིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་མས་མཛེས་སྡུག་ལྡན་ལ་གསོན་ཉམས་དོད་པའི་པར་ལ་བལྟ་བའི་གནས་ཚུལ་ཡིན་པ།