དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-10-11

    གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆར་པ་འབབ་རྒྱུ་ཡིན་པ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་10ཚེས་10ཉིན་ནས་ཟླ་10ཚེས་16ཉིན་བར)

    གཟའ་ཟླ་བ་ནས་ལྷག་པ་བར་ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་ཆར་པ་ཆུང་བ(གངས)འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ(གངས)འབབ་རྒྱུ། ཡར་ཀླུང་གཙང་པོའི་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་ཕུར་བུ་དང་པ་སངས་ལ་ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ(གངས)འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ནག་ཆུའི་དབུས་ཤར་རྒྱུད་དུ་གནམ་འཐིབས་ནས་ཆར་པ་སིམ་སིམ(གངས)འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་སྤེན་པ་དང་ཉི་མར་ཉིང་ཁྲི་དང་། ནག་ཆུ། ཆབ་མདོ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་སིམ་སིམ(གངས)འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། བོད་བྱང་ཐང་རྒྱུད་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་ཆེན་པོ་རིམ་པ་7ཙམ་རྒྱག་རྒྱུ་ཡིན་པ།

    གཉིས། གྲོས་འགོ

    1.ནག་ཆུ་ས་ཁུལ་གྱི་ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་ཐེབས་སླ་བས་རླངས་འཁོར་གཏོང་སྐབས་བདེ་འཇགས་ལ་དོ་སྣང་བྱེད་དགོས།

    2.ཉེ་དུས་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་དྲོད་ཚད་ཅུང་མཐོ་བའི་ཁར་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་བསྟན་མང་བས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།