དབུ་ཤོག>གསར་འགྱུར།
  • རྒྱལ་སྟོན་གྱི་གུང་གསེང་རིང་ཡ་རབས་ལྡན་པའི་ཡུལ་སྐོར་བྱ་རྒྱུ་དེ་རིམ་གྱིས་དར་སྲོལ་དུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-10-10

    རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པ་ལྟར་ན། རྒྱལ་སྟོན་གྱི་གུང་གསེང་རིང་རང་རྒྱལ་གྱི་ཡུལ་སྐོར་ཁྲོམ་རའི་ཁྱོན་ཡོངས་ཀྱི་སྒྲིག་ལམ་ལེགས་པ་མ་ཟད། ཡ་རབས་ལྡན་པའི་ངང་ཡུལ་སྐོར་བྱ་རྒྱུ་དེ་རིམ་གྱིས་དར་སྲོལ་ཞིག་ཏུ་གྱུར་ཡོད་པ་རེད།

    རྒྱལ་ཁབ་ཡུལ་སྐོར་ཅུས་དང་ས་གནས་ཁག་གིས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་མ་གཏོང་ཆེད། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་ཁྲིམས་མཐུན་གཉེར་སྐྱོང་ལ་ལྟ་སྐུལ་དང་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས་ཡུལ་སྐོར་བར་རང་གཅུན་དང་ཡ་རབས་ངང་ཡུལ་སྐོར་དུ་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ཡོད་པ་རེད།

    ཡུལ་སྐོར་བ་ཡུལ་སྐོར་དུ་སྐྱོད་སྐབས། འབྲེལ་ཡོད་ཀྱི་ཆ་འཕྲིན་རྟོགས་པའི་དགོས་མཁོ་སྐོང་ཆེད། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་གསར་འགྱུར་དྲིལ་བསྒྲགས་དང་གནས་ཚུལ་སྤེལ་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡུལ་སྐོར་ཆ་འཕྲིན་གྱི་དྲན་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཡ་རབས་ངང་ཡུལ་སྐོར་དུ་འགྲོ་བ་དང་བདེ་འཇགས་ངང་ཡུལ་སྐོར་དུ་བསྐྱོད་རྒྱུའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། དུས་ཆེན་གོང་བརྙན་འཕྲིན་དང་། ཚགས་པར། རླུང་འཕྲིན། དྲ་ཚིགས་སོགས་ལས་སྟེགས་བརྒྱུད་དེ་དུས་ཆེན་རིང་གི་འགྲིམ་འགྲུལ་དང་། གནམ་གཤིས། བདེ་འཇགས་བཅས་ཀྱི་དྲན་སྐུལ་བསྟུད་མར་ཡོངས་བསྒྲགས་བྱས་པ་མ་ཟད། ཡུལ་སྐོར་བར་ཡུལ་སྐོར་དུ་མ་བསྐྱོད་གོང་གི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་པའི་དྲན་སྐུལ་དང་རྒྱ་ཆེའི་ཡུལ་སྐོར་བར་12301ཡུལ་སྐོར་ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱུད་དེ་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐེར་འདོན་གོང་ཞུ་བྱེད་ཆོག་ལ་ཡུལ་སྐོར་བྱ་ཡུལ་གསང་སྤྱོད་ཀྱི་གྲངས་ཚད་དང་དོ་དམ་ཐད་ཀྱི་གནད་དོན་ཡང་ཐེར་འདོན་གོང་ཞུ་བྱེད་ཆོག དུས་ཆེན་རིང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཉིན་ལྟར་དུས་ཚོད་གཏན་འཁེལ་ཐོག་ཡུལ་སྐོར་ཁྲོམ་རའི་གཞི་གྲངས་ཡོངས་བསྒྲགས་བྱས་ནས་ཡུལ་སྐོར་བ་ཁག་བགོས་དང་ཡུལ་སྐོར་བ་ཚུལ་མཐུན་ངང་ཡུལ་སྐོར་དུ་སྐྱོད་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།

    གུང་གསེང་རིང་ཡུལ་སྐོར་དུ་འགྲོ་བར་འགན་ལེན་བྱ་ཆེད། ས་གནས་ཁག་གིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་གསང་སྤྱོད་བསྒྱུར་བཀོད་དང་འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱས་ཡོད་པ་རེད། ཉིང་ཞ་ཀྲུང་ཝུའེ་ཐེང་ཀེ་ལི་ཅིན་ཧྲ་ཏའོ་མཛེས་ལྗོངས་ཁུལ་གྱིས་མེ་ཏོག་རབ་ཏུ་བཞད་པའི་ཁྲོད་གཙང་ལ་སྐྱིད་ཅིང་། མཛེས་པའི་མཛེས་ལྗོངས་ཁུལ་གྱི་གསང་སྤྱོད་བསྐྲུན་ཡོད་པས། མཐའ་འཁོར་གྱི་མེ་ཏོག་དང་གཞི་གཅིག་ཏུ་འདྲེས་ནས་རྒྱལ་སྟོན་དུས་ཆེན་རིང་རྒྱ་ཆེའི་ཡུལ་སྐོར་བའི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

    གུང་གསེང་རིང་ཡུལ་སྐོར་དུ་འགྲོ་བའི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། ས་གནས་ཁག་གིས་ཡ་རབས་ལྡན་པའི་ངང་ཡུལ་སྐོར་དང་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་དོན་རབ་དང་རིམ་པ་སྤེལ་ཡོད། ཅང་ཤིས་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་སྐད་འཕྲིན་དང་དཔོད་ཆུང་“ཅང་ཤིས་ཀྱི་ཡུལ་ལྗོངས་ལྟ་ན་སྡུག”ཅེས་པའི་ཐོག“ཡ་རབས་ངང་ཡུལ་སྐོར་དུ་བསྐྱོད་རྒྱུའི”བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཡ་རབས་ངང་ཡུལ་སྐོར་དུ་བསྐྱོད་རྒྱུ་ཁྱབ་སྤེལ་བཏང་བ་དང་། ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱིས་ཁ་དན་ཚིག་གནས་ཀྱི་ཡུལ་སྐོར་གྲོང་ཁྱེར་བཏོད་དེ་རིགས་ཁག་གི་ཡུལ་སྐོར་ཁེ་ལས་ཀྱི་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་བྱེད་དགོས་པའི་ཚད་གཞི་བཟོས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཁྲོད་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ནས་རྒྱལ་སྟོན་དུས་ཆེན་རིང་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་བཟང་ངན་ཡོངས་བསྒྲགས་བྱས་པས་ལས་རིགས་གཉེར་སྐྱོང་བྱེད་སྟངས་ལེགས་སུ་འགྲོ་ཐུབ་ཡོད་པ་རེད།

    ཟླ་10ཚེས་3ཉིན་ཡུལ་སྐོར་བས“ལྕགས་རི་རིང་པོར་ཡི་གེ་རྐོ་བའི”བྱེད་སྤྱོད་རང་འགུལ་ངང་བཀག་འགོག་བྱས་པ་དེ་ཐོག་ནས་རང་རྒྱལ་གྱི་ཡུལ་སྐོར་བའི་ཡ་རབས་ངང་ཡུལ་སྐོར་དུ་སྐྱོད་པའི་བྱང་ཚད་གོང་མཐོར་སོང་བ་མངོན་ཡོད། རྒྱལ་སྟོན་གྱི་དུས་ཆེན་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་འབྲེལ་ཡོད་ལས་སྒྲུབ་མི་སྣ་མི་ཉུང་བ་ཞིག་གིས་ཀྲུང་གོའི་སྣེ་ཤན་པ་དང་ཡུལ་སྐོར་བའི་བྱེད་ལུགས་བྱེད་སྟངས་ལེགས་པས་དེས་འཛམ་གླིང་རྒྱལ་ཁབ་ཁག་ཏུ་མིག་དཔེ་བསྟན་ཡོད་ཅེས་རྗོད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།