དབུ་ཤོག
  • བྱིས་པས་མཛེས་བཟོ་བྱས་ན་འཚམ་པོ་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-08

    ཁྱིམ་བདག་འགའ་ཞིག་གིས་རང་གི་ཕྲུ་གུ་སྙིང་རྗེ་པོ་ཡོང་ཆེད་མི་རྒན་པའི་བྱུག་རྫས་བྱིས་པར་སྤྱོད་ཀྱི་ཡོད། དེ་ནི་ནོར་འཁྲུལ་ཡིན་པ་རེད། གང་ཡིན་ཟེར་ན། བྱིས་པའི་ཤ་ཤུན་མཉེན་པས་མཛེས་བཟོ་བྱེད་པའི་དངོས་རྫས་རྒྱུན་རིང་སྤྱད་ན་བདེ་ཐང་ལ་གནོད་པ་བཟོ་ཡི་ཡོད། བྱིས་པས་མཛེས་བཟོ་བྱེད་པའི་དངོས་རྫས་རྒྱུན་རིང་བེད་སྤྱོད་བྱས་ཚེ་མིག་ཆུ་དང་། རྔུལ་ཆུ་སོགས་མཉམ་དུ་བསྲེས་པའི་བང་རིམ་གྱི་སྐྱི་མོ་ཞིག་ཆགས་པས། སྐྱི་པགས་རྒྱུན་གཏན་བཞིན་འབྱིན་རྔུབ་དང་རྙིང་འདོར་གསར་ལེན་བྱེད་རྒྱུར་ཤུགས་རྐྱེན་བཟོ་ཡི་ཡོད། མ་གཞི་མཛེས་བཟོ་བྱེད་པའི་དངོས་རྫས་ནི་མིའི་ལུས་པོར་མཛེས་འཆོས་བྱེད་པའི་དངོས་རྫས་ཞིག་ཡིན་རུང་། མཛེས་བྱད་དེ་དག་རྫས་འགྱུར་གྱི་གྲུབ་ཆའི་དངོས་རྫས་ལས་མཉམ་གྲུབ་བྱས་པ་ཞིག་ཡིན། མཛེས་བཟོའི་བྱུག་རྫས་སྣ་ཚོགས་ནང་འདུས་པའི་ཚོས་གཞིའི་རྒྱུ། དྲི་ཞིམ་གྱི་རྒྱུ་ལ་སོགས་པའི་རྫས་འགྱུར་དངོས་རྫས་ཀྱིས་པགས་པའི་གཉེན་ཚད་ཀྱི་ནད་གཞི་བཟོ་སྲིད། དེར་བརྟེན་བྱིས་པའི་ངོས་ནས་བཤད་ན་ངོ་གདོང་གི་པགས་པར་སྲུང་སྐྱོང་བྱེད་རྒྱུ་དེ་གལ་ཆེ་ཡིན་སྟབས་ངེས་པར་དུ་བྱིས་པར་ཆེད་སྤྱོད་ཀྱི་བྱུག་རྫས་ཉོ་དགོས་སོ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།