དབུ་ཤོག>གསར་འགྱུར།
  • བོད་ཀྱི་གློག་བརྙན་ཀོ་ཕིག་ཐོན་ལས་རྟེན་གཞིའི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-08-25

    ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“བོད་ཀྱི་གློག་བརྙན་ཀོ་ཕིག་ཐོན་ལས་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དང《གླིང་སྒྲུང》ཀོ་ཕིག་བརྙན་ཕབ་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོ”བོད་རང་སྐྱོང་ལྗོངས་ཚགས་པར་དུས་དེབ་དཔེ་སྐྲུན་ལྟེ་གནས་ཀྱི་འཁྲབ་སྟོན་ཚོམས་ཆེན་ནང་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གློག་བརྙན་ཀོ་ཕིག་ཐོན་ལས་རྟེན་གཞིས་བོད་ཀྱི་ས་གནས་དེ་གའི་རིག་གནས་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བོད་ཀྱི་རིག་གནས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་མ་རྩོམ་ཀོ་ཕིག་དང་དེ་བཞིན་བསྐྱར་འགྱུར་ཐོན་རྫས་གསར་གཏོད་དང་། འཆར་འགོད། ཐོན་སྐྱེད། ཕྱིར་ཚོང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་མ་ཟད། ཀོ་ཕིག་དང་གློག་བརྙན་བརྒྱུད་ནས་གྱོན་ཆས་སོགས་འབྲེལ་ཡོད་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་སྤུས་རྟགས་ཧུར་ཐག་གཏོད་པ། དུས་བཀག་ལྟར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་རིག་གནས་དར་རྒྱས་ཆེན་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་བོད་ཀྱི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེའི་དུས་ཁག་དང་པོའི་ནང་དོན་གཙོ་བོ་ནི་བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་སྒྲུང་གཏམ་གྱིས་རྨང་གཞིར་བྱས་ནས་བོད་ཀྱི་རིག་གནས་ཁྱབ་སྤེལ་དང་བོད་རྒྱ་མི་རིགས་མཐུན་སྒྲིལ་ཟབ་ཏུ་འགྲོ་རྒྱུར་ཕན་པའི་ཀོ་ཕིག་དང་གློག་བརྙན་བརྩམས་ཆོས་གསར་རྩོམ་བྱ་རྒྱུ་དེ་ཡིན། དུས་ཁག་དང་པོའི་བརྩམས་ཆོས་གཙོ་བོའི་ནང་ཨ་ཁུ་སྟོན་པ་དང་། གླིང་སྒྲུང་། ལྷ་མོའི་འཁྲབ་གཞུང་བརྒྱད། སྲོང་བཙན་སྒམ་པོ་བཅས་ཡོད། དུས་ཁག་གཉིས་པའི་ནང་བྱིས་པའི་བྱང་ཚད་སློབ་གསོ་དང་། སྐད་ཡིག་སློབ་སྦྱོང་། བོད་ཀྱི་རིག་གནས་འགྲེམས་སྤེལ་སོགས་ལོ་ཆུང་བྱིས་པའི་རིགས་ཀྱི་འགུལ་རིས་དང་གློག་བརྙན་བརྩམས་ཆོས་གཙོ་བོ་བྱས་ཏེ་མིའི་བྱང་ཚད་མཐོ་རུ་གཏོང་བ་དང་། བོད་སྐད་ཡིག་གི་རིག་གནས་ཁྱབ་གདལ་གཏོང་བ། བོད་མི་རིགས་ཀྱི་སྐད་ཡིག་ནུས་པ་ཆེ་རུ་གཏོང་བ་སོགས་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་པ་བྱ་རྒྱུ་རེད། དུས་ཁག་གསུམ་པའི་བརྩམས་ཆོས་གཙོ་བོའི་ནང་བོད་མི་རིགས་ཀྱི་དམངས་ཁྲོད་སྒྲུང་གཏམ་དང་། བོད་ཀྱི་ལེགས་བཤད། བོད་ཀྱི་ཡུལ་སྐོར། བོད་ཀྱི་ཁྱད་ལྡན་ཐོན་རྫས། བོད་ཀྱི་ལོ་རྒྱུས་ཀོ་ཕིག བོད་ཀྱི་རིག་གནས། བོད་ཡིག་སྦྱོང་བ། རྒྱ་ཡིག་སྦྱོང་བ། དབྱིན་སྐད་སྦྱོང་བ་སོགས་ཡོད་པ་རེད།

    མཛད་སྒོའི་ཐོག་འཇམ་དཔལ་རྒྱ་མཚོས་གཙོ་འགན་བཞེས་པའི་བོད་སྐད་པར་གཞིའི《གླིང་སྒྲུང》གི་མུ་འབྲེལ་རི་མོའི་ཀོ་ཕིག་དེབ་1ནས་5བར་གྱི་པར་ཕུད་མཛད་སྒོ་འཚོགས་ཤིང་། རྟེན་གཞི་དེས་སྒོར་ཁྲི་100བཏང་ནས་ཕབ་ལེན་བྱེད་ཉེར་ཡོད་པའི《གླིང་སྒྲུང》གི་ཀོ་ཕིག་མི་སྣའི་གཟུགས་བརྙན་འཚོལ་བསྡུ་དང་འབྲེལ་དྲ་རྒྱའི་འདེམས་ཤོག་འཕེན་པ་དང་རིགས་གཅིག་མཁས་ཅན་གྱི་དཔྱད་འདེམས་བརྒྱུད་མི་སྣའི་གཟུགས་བརྙན་འཆར་འགོད་ལེགས་ཤོས་འདེམས་རྩིས་ཡོད་པས་རྒྱ་ཆེའི་ཀོ་ཕིག་ལ་དགའ་པོ་བྱེད་མཁན་ཚོས་རི་མོ་ཧུར་ཐག་སྐུར་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།