ཕྲུ་གུ་རྒྱུན་གཏན་བཞིན་སྐྱེས་རྗེས། སྦྲིད་སྨན་རྒྱབ་པ་སོགས་འཛེམ་བྱ་མེད་ཚེ་ཕྲུ་གུ་སྐྱེས་རྗེས་ཀྱི་ཆུ་ཚོད་གཅིག་སོང་རྗེས་ཟ་མ་ཟ་ཆོག སྤྱིར་བཏང་བྱས་ན་ཟས་སྐོམ་ཁུ་བ་དང་ཞག་ཚི་མེད་པའི་རིགས་ཡག་ཤོས་རེད། གཤགས་བཅོས་བྱས་ནས་ཕྲུ་གུ་བཏོན་ན་ལྟོ་ཆས་བཀག་ནས་ཆུ་ཚོད་6སོང་རྗེས་ཁུ་བའི་རིགས་བཏུང་ཆོག ཉིན་གཉིས་པར་ཕྱེད་ཁུ་དང་དེ་རྗེས་རྒྱུན་གཏན་ལྟར་ཟས་ཆོག སྤྱིར་བཏང་གནས་ཚུལ་འོག་ཕྲུ་གུ་སྐྱེས་རྗེས་ཀྱི་གཟའ་འཁོར་2ནང་ཕོ་རྒྱུའི་འཇུ་ནུས་ཞན་པས་ཟས་ཉུང་ཞིང་ཐེངས་མང་བཟས་ན་ལེགས།
སྦྲུམ་མའི་འཚོ་བཅུད་ནི་གཟུགས་པོ་སླར་གསོ་དང་། འོ་མ་འབབ་རྒྱུར་འགན་ལེན་ཐུབ་པའི་འགག་རྩ་རེད། མངལ་གྲོལ་རྗེས་ཁྲག་ཤོར་མང་ཞིང་ལུས་སྟོབས་ཉམས་ཤུགས་ཆེ། ཕྲུ་གུ་སྐྱེས་རྗེས་འོ་མ་བསྣུན་དགོས་པས། གལ་སྲིད་སྐབས་འདིར་འཚོ་བཅུད་འགན་ལེན་མ་ཐུབ་ཚེ་གཟུགས་པོ་གང་མགྱོགས་གསོ་མི་ཐུབ་ལ། འོ་མ་མི་འདང་བའི་དབང་གིས་ཕྲུ་གུའི་འཚོ་བཅུད་བསྡུ་ལེན་ལ་ཤུགས་རྐྱེན་ཐེབས་ནས་ཕྲུ་གུ་དམར་འབྱར་འཚར་ལོངས་ཡག་པོ་ཡོང་མི་སྲིད།
གཟུགས་པོའི་འཚོ་བཅུད་ལ་ཕན་ཐོགས་ཡོད་པའི་ཟས་ཡིན་ཕྱིན་ཚང་མ་ཟ་ཆོག ཤའི་རིགས་དང་སྔོ་ཚལ་གྱི་རིགས། ཤིང་འབྲས་ཀྱི་རིགས་བཅས་ཚང་མ་འཛེམ་མི་དགོས།