1. ཐ་མག་འཐེན་གྲངས་ཉུང་དུ་བཏང་ནས་ཐ་མག་གཅོད་པའི་དམ་བཅའ་བརྟན་པོ་བཞག་ན། ཟླ་གསུམ་ནས་བཞི་འགྲོ་མཚམས་སུ་ཐ་མག་རྦད་དེ་གཅོད་ཐུབ།
2. རང་གི་ཉེ་འགྲམ་དུ་ཐ་མག་དང་འབྲེལ་བ་ཡོད་པའི་ཐལ་སྣོད་དང་། མུ་ཟི། ཐ་མག མེ་ལྕགས་སོགས་མིག་གིས་མཐོང་སར་འཇོག་མི་རུང་།
3. ཉིན་རེའི་ལྟོ་ཆས་བཟས་མ་ཐག་ཆུ་འཐུང་བའམ་ཡང་ན་ཞོར་ཟས་ཟ་བ། ཡང་ན་འཆམ་འཆམ་དུ་འགྲོ་བ་སོགས་ཀྱིས་ལྟོ་ཆས་བཟས་རྗེས་ཐ་མག་རྐང་རེ་འཐེན་པའི་བསམ་པ་བསྒྱུར་དགོས། གལ་ཏེ་ཐ་མག་འཐེན་འདོད་ཀྱི་བསམ་བློ་དྲག་པོ་འབྱུང་སྐབས། ལམ་སེང་དབུགས་རིང་རྔུབ་གཏོང་བྱེད་པའམ་ཡང་ན་མངར་ཆ་ཉུང་བའི་འགྱིག་བྱི་རིལ་ཟ་བ། གླུ་གཞས་གཏོང་བ་སོགས་ཀྱིས་བློ་ཁ་བསྒྱུར་གང་ཐུབ་བྱེད་དགོས།
4.ཐ་མག་འཐེན་མཁན་གྱི་མི་དང་འབྲེལ་བ་ཉུང་ཙམ་བྱེད་པ་དང་། ཐ་མག་ལ་སེམས་གཏོང་རྒྱུ་མེད། ཐ་མག་བཅད་པའི་ཉིན་གྲངས་བརྩིས་ནས། རང་ཉིད་ཀྱི་ཆོད་སེམས་ལ་ཡིད་སྨོན་དང་སྤོབས་པ་སྐྱེ་བ་བྱེད་དགོས།