དེང་སྐབས་བརྙན་འཕྲིན་ལེ་ཚན་ཧ་ཅང་ཕུན་སུམ་ཚོགས་པས་རྒན་གཞོན་ཚང་མས་བརྙན་འཕྲིན་ལྟ་རྒྱུར་ཤིན་ཏུ་དགའ་པོ་ཡོད། འོན་ཀྱང་བརྙན་འཕྲིན་ལྟ་སྐབས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ།
1. དུས་རྒྱུན་ནས་བརྙན་འཕྲིན་ལྟ་སྐབས་བརྙན་འཕྲིན་དང་བར་ཐག་ཉུང་མཐར་ཡང་སྨི་གཉིས་ཡན་འཇོག་དགོས།
2. བརྙན་འཕྲིན་ཆུ་ཚོད་གཅིག་ཡན་བསྟུད་མར་བལྟས་རྗེས་ཉུང་མཐར་ཡང་ངལ་གསོ་སྐར་མ་ལྔ་ནས་བཅུའི་བར་རྒྱག་དགོས་པ་མ་ཟད། ཉིན་རེར་བརྙན་འཕྲིན་ལྟ་བའི་དུས་ཚོད་རིང་དྲགས་རྒྱུ་མེད།
3. བརྙན་འཕྲིན་ལྟ་སྐབས་ཡག་ཤོས་བྱུང་ན་རྒྱབ་ཏུ་ཤེལ་ཏོག་ཆུང་བའི་གློག་ཅིག་སྤར་ན་མིག་ལ་མ་གནོད་པའི་ཁྱད་པར་ཆེན་པོ་ཡོད།
4. བརྙན་འཕྲིན་འཕྲུལ་འཁོར་གྱི་འོད་མདངས་སྙོམ་སྒྲིག་བྱ་རྒྱུ་མཐོ་དྲགས་རྒྱུ་མེད།