མི་འགའ་ཞིག་གིས་གྱོན་གོས་འཁྲུས་ཟིན་པ་རྣམས་ཕྱིར་བཏང་སློག་ནས་ཉི་སྐམ་གཏོང་རྒྱུར་དགའ་པོ་ཡོད། འོན་ཀྱང་ལུས་ལ་སྦྱར་བའི་ནང་གོས་སོགས་ཕྱིར་བཏང་སློག་ནས་ཉི་སྐམ་བཏང་ཚེ་དེས་བདེ་ཐང་ལ་གནོད་འཚེ་བཟོ་ཡི་ཡོད། རྒྱུ་མཚན་ནི་རང་བྱུང་ཁམས་ཀྱི་ཁྲོད་དུ་མིའི་གཟུགས་པོའི་བདེ་ཐང་ལ་གནོད་པའི་དངོས་པོ་མང་པོ་ཡོད་པ་སྟེ། དཔེར་ན། སྨུག་རྡུལ་དང་། ཐལ་རྡུལ། སྐྱེ་དངོས་ཕྲ་རབ་སོགས་ཡིན་ཞིང་། དེ་དག་ནི་མཁའ་རླུང་འཁོར་རྒྱུག་བྱེད་པ་དང་བསྟུན་ནས་མཁར་གཡེང་ཡོང་གི་ཡོད་སྟབས་དེའི་ནང་གནོད་ཡོད་ཀྱི་དངོས་པོ་གོས་ཕྱིར་སློག་པའི་ཐོག་འགོས་ནས་གཟུགས་པོར་ཟ་འཕྲུག་ལངས་པའམ་ཡང་ན་པགས་པའི་གཉེན་ཁ་བཟོ་ཡི་ཡོད། ལྷག་པར་དུ་བུད་མེད་ཚོར་བུད་མེད་ཀྱི་ནད་སོགས་སློང་གི་ཡོད། དེར་བརྟེན་ལུས་སྦྱར་གྱི་ནང་གོས་ཕྱིར་བཏང་སློག་མི་ཉན། གཞན་ཡང་གྱོན་གོས་རྡབ་རྡབ་བཏང་ནས་བསྡུ་དགོས།