ཤིང་འབྲས་ཚ་ལུ་མའི་ནང་ཆ་བྲོ་བ་ཞིམ་པོ་ཡོད་པ་མ་ཟད། དེའི་པགས་པར་ཡང་ངོ་མཚར་གྱི་ནུས་པ་ལྡན་ཡོད་པས། པགས་པ་བོར་ན་འཕྲོ་བརླག་རང་རེད།
1.རླངས་འཁོར་ནང་གི་བཟི་ཡོམ་སེལ་བ།
རྟག་པར་རླངས་འཁོར་ནང་དུ་བཟི་ཡོམ་རྒྱག་མཁན་ཡིན་ཚེ། རླངས་འཁོར་ནང་མ་འཛུལ་གོང་དུ་ཚ་ལུ་མའི་པགས་པ་གསོས་པ་ལྟེབས་རྩེགས་བརྒྱབ་ནས་དེའི་ཞག་ཚི་སྣ་ཁུང་ནང་དུ་བཙིར་དགོས། དེ་ནས་རླངས་འཁོར་ནང་དུ་བསྡད་རྗེས་ཚ་ལུ་མའི་པགས་པའི་ཞག་ཚི་སྣ་ཁུང་ནང་དུ་ཐེངས་ཁ་ཤས་བཙིར་ན་བཟི་ཡོམ་འགོག་པའི་ནུས་པ་ངེས་ཅན་ཡོད།
2.གློ་སེལ་བ།
ཚ་ལུ་མའི་པགས་པ་སྐམ་པོ་དེ་ཆུའི་ནང་ཅུང་ཟད་བསྐོལ་རྗེས་སྒ་སྐྱའི་ཕྱེ་མ་དང་བུ་རམ་ཏོག་ཙམ་བསྲེས་ནས་འཐུང་དགོས། ཡང་ན་ཚ་ལུ་མའི་པགས་པ་གསོས་པ་ཞིབ་མོར་བཏུབ་ནས་ཆུ་འཁོལ་ནང་སྦངས་རྗེས། བྱེ་མ་ཀ་ར་ཕྲན་བུ་བསྲེས་ནས་འཐུང་ན་ལུད་པ་གོག་པ་དང་གློ་སེལ་བའི་ནུས་པ་ཡོད།
3.ཆང་རག་གི་བཟི་བ་ལས་དྭངས་ཐུབ།
ཚ་ལུ་མའི་པགས་པ་གསོས་པ་ཁེ་30ཙམ་གྱི་ནང་དུ་ཚྭ་ཅུང་ཟད་བླུགས་ནས་ཆུ་ཡི་ནང་དུ་བསྐོལ་རྗེས་བཏུང་ན། ཆང་རག་གི་བཟི་བ་ལས་དྭངས་ཐུབ་པའི་ནུས་པ་ལྡན་ནོ།