དབུ་ཤོག
  • འཚོ་བའི་ཁྲོད་ཀྱི་གོ་ཆོད་ཐབས་གསར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-15

    རྣམ་ཀུན་འཚོ་བའི་ཁྲོད་མི་རྣམས་ལ་སུན་དགོས་པའི་གནས་ཚུལ་སྣ་ཚོགས་འཕྲད་སྲིད་པ་སྟེ། དེ་ཡང་དེ་སྔ་བསམ་པའི་ཡུལ་ལའང་མེད་པའི་གོ་ཆོད་ཐབས་གསར་འགའ་ཡིས་གནས་ཚུལ་དེ་རིགས་ཐག་གཅོད་ཡོང་ཐུབ།

    1.ཁ་འཚིག་ནས་མཆི་མ་ཤོར་སྐབས།

    སྐབས་རེ་སུར་པན་ཟས་ནས་ཁ་འཚིག་སྟེ་མཆི་མ་དབང་མེད་ཤོར་སྐབས། ལམ་སེང་འོ་མ་འཐུང་ན་ཁ་འཚིག་པའི་ཚོར་སྣང་ཆུང་དུ་འགྲོ་ཐུབ།

    2.ཐང་ལ་ཚྭ་མང་དྲགས་སྐབས།

    ཐང་བསྐོལ་དུས་གལ་ཏེ་ལག་པ་ཤོར་ནས་ཚྭ་རྒྱག་རྒྱུ་མང་དྲགས་པ་ཡིན་ན། ཆུ་གསབ་ན་ཐང་གི་བྲོ་བ་ཡང་སླ་རུ་འགྲོ་བས། ཐབས་ཡག་ཤོས་ནི་ཐང་ནང་ཞོག་ཁོག་བླུགས་ནས་མུ་མཐུད་སྐར་མ་ཁ་ཤས་བསྐོལ་ན། ཞོག་ཁོག་གིས་ཚྭ་རྒྱུ་འཐེན་གྱི་ཡོད་པས། ཐང་མ་འཐུང་གོང་ཞོག་ཁོག་དེ་དབྱུག་ན་འགྲིག

    3.ཏོའུ་ཧྥུ་སིལ་བུར་འགྱུར་ན།

    ཏོའུ་ཧྥུ་ཡི་ཁ་ལག་བཟོ་དུས་སིལ་བུར་འགྱུར་སླ་བས། གལ་ཏེ་ཏོའུ་ཧྥུ་ཧྲིལ་པོའམ་རྡོག་རྡོག་ཏུ་བསྡད་དགོས་ན། ཏོའུ་ཧྥུ་སྔོན་ལ་ཚྭ་ཆུའི་ནང་ཆུ་ཚོད་ཕྱེད་ཀ་ཙམ་སྦངས་རྗེས་ཁ་ལག་བཟོས་ན་ཏོའུ་ཧྥུ་ཁ་འཐོར་དུ་འགྲོ་ཡི་མེད།

    4.ཀུ་ཤུའི་པགས་པའི་ངོས་ཀྱི་རྩི་སེལ་ཐབས།

    གལ་ཏེ་ཀུ་ཤུའི་པགས་པ་ཟ་འདོད་ན་དེའི་ངོས་ཀྱི་རྩི་ངེས་པར་སེལ་དགོས། ཐབས་ཤེས་ནི། ཀུ་ཤུ་ཆུ་ཚ་པོའི་ནང་སྦངས་ནས་ཏོག་ཙམ་བཞག་ན་རྩི་ལྤགས་བཞུར་ཐུབ། ཡང་ན་སོ་སྨན་ཀུ་ཤུའི་ངོས་ལ་བྱུགས་ཏེ་སྐར་མ་ཁ་ཤས་སོང་རྗེས་ཆུས་བཀྲུས་ནས་ཟ་ཆོག

    5.འབྲས་ཀྱི་བྲོ་བ་ཞིམ་པོ་དགོས་ན།

    འབྲས་འཁྲུད་རྗེས་ཆུའི་ནང་ཤིང་འབྲས་ཉིང་མེང་གི་ཁུ་བ་ཐིགས་པ་ཁ་ཤས་བླུགས་པའམ། ཡང་ན་འབྲས་མ་བཙོས་གོང་འབྲས་ནང་སྣུམ་ཐིགས་པ་ཁ་ཤས་བརྒྱབ་ན། འབྲས་ཀྱི་བྲོ་བ་ཞིམ་པོ་ཡོང་།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།