ཞི་བདེ་རྒྱ་མཚོ་ཆེ་མོའི་མཱ་ལི་ཡ་ནཱ་རྒྱ་མཚོའི་གཏིང་དུ་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ལེགས་གྲུབ་བྱུང་རྗེས། ཚེས་12ཉིན་གྱི་སྔ་དྲོའི་ཆུ་ཚོད་8པར་སྨི་4500ཡི་མི་བཞུགས་ཆུར་འཛུལ་ཡོ་བྱད་དང་དེ་བཞིན་སྨི་ཁྲི་ཡི་ཆུ་གཏིང་ལས་སྒྲུབ་ལས་དོན་གྲུ་གཟིངས“འཚོལ་ཞིབ་ཨང་དང་པོའི”ཚན་རིག་རྟོག་ཞིབ་ཐེངས་དང་པོར་བསྐྱོད་མཁན་་གྲུ་གཟིངས་ལོག་ནས་སན་ཡ་གྲུ་ཁར་ཁ་བཀག་ནས་བཞག་ཡོད། དེ་ནི་རང་རྒྱལ་གྱི་རྒྱ་མཚོའི་ཚན་རིག་འཕེལ་རྒྱས་ལོ་རྒྱུས་ཐོག་སྨི་ཁྲི་རིམ་པའི་གཏིང་རིང་ཚན་རིག་རྟོག་ཞིབ་བྱས་པ་དེ་ཡིན་པ་དང་། རྟོག་ཞིབ་ལས་དོན་དེ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་སྨི་ཁྲི་ཡི་གཏིང་རིང་རྒྱ་མཚོ་དེ་རང་རྒྱལ་གྱི་རྒྱ་མཚོའི་ཚན་རིག་ལས་རིགས་ཀྱི་བཀག་སྡོམ་ཁུལ་དེ་མིན་པ་ར་སྤྲོད་ཐུབ་ཡོད་པ་རེད།