དབུ་ཤོག>གསར་འགྱུར།
  • དད་གུས་ཀྱི་སྟོབས་ཤུགས་ལས་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་སྙིང་སྟོབས་འཕེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-08-14

    “བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གིས་བློ་ཐག་རྦད་བཅད་དང་། དཔའ་ངར་ཆེ་ཤོས། ལྷག་བསམ་ཟོལ་མེད་བཅས་ཀྱི་སྒོ་ནས་རི་འགོག་འཐབ་རྩོད་ཀྱི་མདུན་ཤོས་སུ་བསྐྱོད་པ་དང་། དེ་གའི་འཚོ་གནས་ཀྱི་ཆ་རྐྱེན་ཞན་ཤོས་དང་འཐབ་རྩོད་ཀྱི་ཁོར་ཡུག་དཀའ་ཚེགས་ཆེ་ཤོས་རེད། གསབ་སྤྲོད་མེད་པའི་གནས་ཚུལ་འོག་རི་པིན་བཙན་འཛུལ་བ་དང་དུས་ཡུན་ལོ་བཅུ་བཞི་ཙམ་རིང་དཀའ་སྤྱད་འབད་འཐབ་ཀྱི་འཐབ་རྩོད་བྱས་ནས་དགྲ་བོའི་སྐྱེ་ལྡན་སྟོབས་ཤུགས་འབོར་ཆེན་བཀག་སྐྱིལ་དང་མེད་པར་བཟོས་ཏེ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་ཧྥ་ཤི་སིར་ངོ་རྒོལ་གྱི་འཛམ་གླིང་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་གསུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད”

    ཟླ་8ཚེས་12ཉིན། ལེའོ་ཉིང་པེན་ཤིས་རྫོང་དུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་གྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་བརྒྱ”ཡི་བྱེད་སྒོ་ཐེངས་46པ་སྤེལ་བ་རེད། རི་འགོག་མཉམ་འབྲེལ་དམག་དཔུང་ལ་ཞིབ་འཇུག་བྱེད་མཁན་རིགས་གཅིག་མཁས་ཅན་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་ལོ་རྒྱུས་ཀྱི་དོན་དངོས་བཤམས་སྟོན་ཁང་གི་ཀོན་ཀྲང་ཀྲང་ཕུང་དབྱིས《བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་སྙིང་སྟོབས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དུས་རབས་དོན་སྙིང》ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་བྱས་པ་དང་རྒྱལ་ཡོངས་ས་གནས་ཁག་གི་དྲ་གྲོགས་ཁྲི་261དང་ས་གནས་ཀྱི་ལས་བྱེད་མང་ཚོགས་500ཙམ་གྱིས་འཆད་ཁྲིད་ཉན་པ་མ་ཟད། དྲ་གྲོགས་ཁྲི་37.8ཀྱིས་དཔོད་ཆུང་དང་གླེང་སྟེགས་སོགས་བརྒྱུད་དེ་སྤེལ་རེས་ལ་ཞུགས་ཡོད་པ་རེད།

    “རྒྱལ་ཤོར་བྲན་གཡོག་མི་བྱེད་པར་རྒྱལ་ཁབ་ཀྱི་ཆེད་དུ་ཡོངས་རྫོགས་བློས་གཏོང་ཕོད་པའི་བསམ་བློའི་འཁྱེར་སོ་དང་། ཏང་གི་རྗེས་སུ་འབྲངས་ན་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་གཏོང་། ཤི་ཡང་གཉའ་མི་ཆག་པའི་མི་རིགས་ཀྱི་ལ་རྒྱ། མཉམ་འབྲེལ་ཐོག་ཕྱི་དགྲ་འགོག་པའི་མི་གཤིས་བཟང་པོ་བཅས་ལྡན་པའི་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་འགྱུར་མེད་ལ་རྒྱ་ལས་མངོན་པའི་རྒྱལ་ཁབ་ལ་དྲིན་གཟོ་བའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་འཁྱེར་སོ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་དང་ཀྲུང་གོའི་གསར་བརྗེའི་གྲུབ་ཆ་གལ་ཆེན་ཞིག་རེད”ཅེས་ཀྲང་ཕུང་དབྱིས་བརྗོད་ཅིང་། ཁོང་གིས་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གིས་བློ་གཅིག་སེམས་གཅིག་ངང་བློ་ཁ་ཏང་ལ་ཕྱོགས་པ་དང་དད་སེམས་བརྟན་པོར་ནམ་ཡང་གཡོ་འགུལ་མི་ཐེབས་པ་བྱ་རྒྱུ་ནི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་མིག་དཔེ་ཡིན་པས་ཏང་ཡོན་ལས་བྱེད་པས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་ཆགས་པར་བྱས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་དང་ཟུང་འབྲེལ་བྱས་ནས་སེམས་ནང་ཏང་ཡོད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་འདོད་འདུན་མི་བརྗེད་པར་བྱས་ཏེ་ཕུགས་བསམ་གྱི་དད་སེམས་ཆེད་འབད་འཐབ་མཐར་ཕྱིན་པ་བྱེད་དགོས་ཞེས་བརྗོད་པ་རེད།

    ཀྲུང་གོ་མི་ཆོས་མཐུན་ཚོགས་ཀྱི་ལས་འཛིན་བྱང་ཤར་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝང་ཅན་གྱིས་དཔྱད་པ་བརྗོད་སྐབས་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་བྱས་རྗེས་ལས་ང་ཚོར“རྒྱལ་གཅེས་རིང་ལུགས”དེ་དོན་སྤྱི་ནས་བྱེ་བྲག་བར་གྱི་བརྗེ་སྒྱུར་གསོན་ཉམས་དོད་པོ་བྱུང་བ་དང་དཔུང་ཁག་དེའི་རྒྱལ་གཅེས་ནི་དད་གུས་བརྟན་པའི་དགའ་ཞེན་ཞིག་ཡིན་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་དད་སེམས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དཔུང་སྡེ་སྐྱོང་སྤེལ་དང་འདེགས་སྐྱོར་བྱས་པའི་དཔང་པོ་བྱས་ཡོད། དད་སེམས་ཀྱི་གཅེས་སེམས་ལ་བརྟེན་ནས་རི་འགོག་མཉམ་འབྲེལ་དམག་དཔུང་གི་དཔོན་དམག་ཚོར་ལྕག་སྐུལ་བཏང་བ་དང་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་གནམ་ས་དངངས་སྐྲག་སྐྱེ་དགོས་ཤིང་ལྷ་འདྲེ་ངུ་ཤོར་བའི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་བསྟོད་གླུ་ཞིག་བརྩམས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།