དབུ་ཤོག>གསར་འགྱུར།
  • རང་རྒྱལ་གྱིས་སྐྱོན་བྲལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྲོང་གསེབ་བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-08-14

    ཚེས་12ཉིན། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནད་ཡམས་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་གིས་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སུ་སྐྱོན་བྲལ་གྱི་གྲོང་ཁྱེར་དང་། གྲོང་རྡལ། གྲོང་གསེབ་བཅས་འཛུགས་སྐྲུན་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

    རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི《སྐྱོན་བྲལ་གྱི་གྲོང་ཁྱེར་དང་། གྲོང་རྡལ། གྲོང་གསེབ་བཅས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གཞིར་བཟུང་། སྐྱོན་བྲལ་གྱི་གྲོང་ཁྱེར་ཞེས་པ་ནི་འཕྲོད་བསྟེན་གྲོང་ཁྱེར་གྱི་རིམ་པ་གསར་པ་ཞིག་རེད། གྲོང་ཁྱེར་གྱི་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་བྱུང་ཁོར་ཡུག་དང་། སྤྱི་ཚོགས་ཁོར་ཡུག སྐྱོན་བྲལ་ཞབས་ཞུ་བཅས་ཇེ་ལེགས་སུ་གཏོང་བ། སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། གྲོང་མིའི་སྐྱོན་བྲལ་གྱི་དགོས་མཁོ་སྐོང་བ་བཅས་བརྒྱུད། གྲོང་ཁྱེར་འཛུགས་སྐྲུན་དང་མི་སྐྱོན་བྲལ་ལྡན་པ་བྱ་རྒྱུ་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེར་ཟེར་བ་དང་། སྐྱོན་བྲལ་གྱི་གྲོང་གསེབ་དང་གྲོང་རྡལ་ཞེས་པ་ནི་འཕྲོད་བསྟེན་གྱི་གྲོང་གསེབ་དང་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་ཐོག་གྲོང་གསེབ་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་། མིའི་འཚོ་སྡོད་ཁོར་ཡུག་གི་འཕྲོད་བསྟེན་རྣམ་པ་ཇེ་ལེགས་སུ་གཏོང་བ། སྐྱོན་བྲལ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་ཤེས་དཔལ་འཕྲོད་བསྟེན་གྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བརྒྱུད། གྲོང་གསེབ་དང་གྲོང་རྡལ་གྱི་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་མི་སྐྱོན་བྲལ་ལྡན་པ་བྱ་རྒྱུ་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེར་ཟེར།

    2017ལོ་བར། སྐྱོན་བྲལ་གྱི་གྲོང་ཁྱེར་དང་། གྲོང་གསེབ། གྲོང་རྡལ་བཅས་འཛུགས་སྐྲུན་བྱེད་པའི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཚན་རིག་དང་མཐུན་པ་དང་། སྤྱོད་གོ་ཆོད་པ། ལག་ལེན་བསྟར་ཐུབ་པ་བཅས་ཀྱི་དམིགས་ཚད་དང་གདེང་འཇོག་མ་ལག་ཆ་ཚང་ཞིག་ཆགས་པ་བྱ་རྒྱུ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱིས་འཛུགས་སྐྲུན་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁྱབ་གདལ་གཏོང་ཆོག་པའི་འཛུགས་སྐྲུན་བྱེད་སྟངས་ཤིག་ཆགས་པ་བྱ་རྒྱུ། 2020ལོ་བར་སྐྱོན་བྲལ་གྱི་གྲོང་ཁྱེར་དང་། གྲོང་གསེབ། གྲོང་རྡལ་བཅས་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་གྲོང་ཁྱེར་དང་། གྲོང་གསེབ། གྲོང་རྡལ་བཅས་འབོར་ཆེན་ཞིག་བསྐྲུན་པའི་ཁར། དཔེ་སྟོན་སྣེ་ཁྲིད་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་སྐྱོན་བྲལ་གྱི་གྲོང་ཁྱེར་དང་། གྲོང་གསེབ། གྲོང་རྡལ་བཅས་འཛུགས་སྐྲུན་རྒྱ་ཁྱབ་གཏིང་ཟབ་ངང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྐྱོན་བྲལ་གྱི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།