དབུ་ཤོག>གསར་འགྱུར།
  • ​ “རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་གི་ཐད་སྟོན་ཟླ་བའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-08-14

    སྤྱི་བདེའི་ཁྲིམས་འཛིན་ཚད་ལྡན་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མི་དམངས་གཙོ་བོར་འཛིན་པའི་ཁྲིམས་འཛིན་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཤིན་ལང་དཔོད་ཆུང་དང་མཉམ་འབྲེལ་ཐོག་ཟླ་8ཚེས་9ཉིན་ནས་བཟུང་ས་གནས་མང་པོ་ཞིག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་གཞུང་ཕྱོགས་ཀྱི་དཔོད་ཆུང་བརྒྱུད་དུས་ཡུན་ཟླ་བ་གཅིག་གི“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་གི་ཐད་སྟོན་ཟླ་བའི”བྱེད་སྒོ་སྤེལ་ནས་འགྲིམ་འགྲུལ་ཉེན་རྟོག་པས་འཐབ་ཕྱོགས་དང་པོར་ཁྲིམས་འཛིན་བྱ་ཚུལ་ཐད་ཀར་བསྟན་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་གི་ཐད་སྟོན་ཟླ་བའི”བྱེད་སྒོ་སྤེལ་རིང་པེ་ཅིང་དང་། ཐན་ཅིན། ནན་ཅིང་། ཝུའུ་ཧན། ཧྲེན་ཀྲེན་སོགས་ས་གནས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ས་གནས་དེ་གའི་འགྲིམ་འགྲུལ་ཁྲིམས་འགལ་བཅོས་སྒྲིག་བྱ་སྤྱོད་དང་ཟུང་འབྲེལ་གྱིས་གཞུང་ཕྱོགས་ཀྱི་དཔོད་ཆུང་ལས་སྟེགས་བརྒྱུད་ཁྲིམས་འཛིན་བྱ་ཚུལ་བསྟན་རྒྱུ་དང་། འཐབ་ཕྱོགས་དང་པོར་ཡོད་པའི་མི་དམངས་ཉེན་རྟོག་པས་བྱ་སྤྱོད་དེའི་ནང་ཞུགས་རྒྱུ། ཁྲིམས་འཛིན་གྱི་གཞི་འཛིན་ས་དང་། ཁྲིམས་འཛིན་གྱི་ལྷུ་ཚིགས། ཁྲིམས་འཛིན་བྱ་རིམ་བཅས་ཆེད་ལས་རྣམ་པའི་ཐོག་ནས་སྒྲོག་འགྲེལ་བྱ་རྒྱུ། དུས་མཚུངས་སུ་ཐད་ཀར་སྟོན་རིང་ལྟ་མཁན་དྲ་གྲོགས་དང་སྤེལ་རེས་དང་དྲ་གྲོགས་ཀྱི་འདྲི་བར་དུས་ཐོག་ཏུ་ལན་བརྒྱབ་ནས་ཐད་སྟོན་གྱི་མཉམ་འགུལ་རང་བཞིན་དང་ཤེས་བྱའི་རང་བཞིན་ཆེ་རུ་གཏོང་རྒྱུ་བཅས་རེད།

    སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་གི་ཐད་སྟོན་ཟླ་བ”ཡི་བྱེད་སྒོ་ནི“ཕྱི་ཚུལ”ཙམ་མིན། དྲ་རྒྱ་ཚང་མ་བརྒྱུད་ཐད་ཀར་སྟོན་པའི་ལས་དོན་དེ་འགྲིམ་འགྲུལ་ཉེན་རྟོག་གི་རྒྱུན་གཏན་ཁྲིམས་འཛིན་ལ་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤེལ་རྒྱུ་ཡིན། དྲ་རྒྱ་བརྒྱུད་ཐད་ཀར་སྟོན་དོན་ནི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་བརྙན་ལམ་སྟོན་འགྲེམས་གསོ་སྦྱོང་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་འགྲིམ་འགྲུལ་ཉེན་རྟོག་ཁོངས་གཏོགས་ཀྱི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་ཅན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན། དྲ་རྒྱའི་ཐད་སྟོན་ཞེས་པའི་དེང་དུས་ཀྱི་དྲིལ་བསྒྲགས་བྱེད་སྟངས་སྤྱད་དེ་འགྲིམ་འགྲུལ་ཁྲིམས་འཛིན་བྱ་ཚུལ་བསྟན་པར་དྲ་མི་ཚོས་དོ་སྣང་ཆེན་པོས་ལྟ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་འདྲ་བྱུང་ན་དྲ་དམངས་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཤེས་བྱ་དང་བདེ་འཇགས་འགྲོ་སྐྱོད་ཤེས་བྱ་ཟབ་ཏུ་འགྲོ་རྒྱུ་དང་། འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་དག་ཟིལ་གྱིས་གནོན་ཐུབ་རྒྱུ། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཡོད་པའི་འགྲིམ་འགྲུལ་ཉེན་རྟོག་པས་གཟབ་ནན་དང་། ཚད་ལྡན། གཞུང་དྲང་། ཡ་རབས་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུ་བཅས་ཀྱི་དམིགས་ཡུལ་མང་པོ་ཞིག་འགྲུབ་ནས་འགྲིམ་འགྲུལ་ཉེན་རྟོག་དཔུང་ཁག་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་འགྱུར་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།