དབུ་ཤོག>གསར་འགྱུར།
  • “བསྐྱོད་པ་ལྔ”ལ་བརྟེན་ནས་བོད་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-13

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཤར་ཚུན། རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་བཟོ་ཚོང་ཁོངས་གཏོགས་ཀྱིས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་བཏང་བའི་གྱོད་གཞི་415ཞིབ་བཤེར་ཐག་གཅོད་བྱས་པ་དང་། གྱོད་འབྲེལ་དངུལ་གྲངས་སྒོར་ཁྲི་137.92ཟིན་པ། འཛད་སྤྱོད་པས་ཐེར་འདོན་བྱས་པའི་གྱོད་གཞི་704བདག་སྤྲོད་བྱས་པ། དཔལ་འབྱོར་གྱོང་གུན་སྒོར་ཁྲི་181.46མ་ཕོག་པ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་སྟོད་དུ་རང་ལྗོངས་ཀྱིས“ཡན་ལག་མཐུན་ཚོགས་གཅིག་དང་ས་ཚིགས་གཉིས”དང “བསྐྱོད་པ་ལྔ”ཡི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། རང་སྐྱོང་ལྗོངས་དང་ས་ཁུལ་རིམ་པ་གཉིས་ཀྱི་12315བཀོད་འདོམས་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། བདག་སྤྲོད་དང་། ཁག་བགོས། ཞིབ་གཅོད་བཅས་ཕྱོགས་གསུམ་གཞི་གཅིག་གི་ཁེ་དབང་སྲུང་སྐྱོང་ལས་དོན་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། རིམ་རྩིས་བྱས་ན་12315འཛད་སྤྱོད་པའི་ཞུ་གཏུག་འབྲེལ་གཏུག་ས་ཚིགས་962བཙུགས་པ། ཁེ་དབང་སྲུང་སྐྱོང་གི་འབྲེལ་གཏུག་པ་1960གདན་ཞུ་བྱས་པ། ལྗོངས་ཡོངས་ཀྱི་གཙོ་གནད་ཤང་གྲོང་དང་། ཁྲོམ་ར་ཆེ་གྲས། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་སློབ་གྲྭ་སོགས་ལ་སྤྱིའི་ཆ་ནས་ཁྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།