དབུ་ཤོག>གསར་འགྱུར།
  • མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-13

    ཉེ་ཆར། གསར་འགོད་པས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་མངའ་རིས་ས་ཁུལ་ལ་སྔོན་དཔག་བྱས་ན་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་16.68བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་17%འཕར་བ་དང་། ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་1.2བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་59.4%འཕར་བ། ཞིང་འབྲོག་པ་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་2885བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་12.7%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18625བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་11%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་གི་སྤྱི་འབོར་སྒོར་དུང་ཕྱུར་5.4བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་14.4%བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་མངའ་རིས་ས་ཁུལ་གྱིས་མ་འཇོག་ཡར་སྐུལ་མཐའ་འཁྱོངས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཤིང་། འདི་ལོ་འཛུགས་སྐྲུན་རྣམ་གྲངས་320གཏན་འཁེལ་བྱས་པ་དེའི་ནང་རྣམ་གྲངས་203སྐྲུན་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་253.3བཏང་བ་དང་། སྔོན་རྩིས་བརྒྱབ་ན། གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་26.3བཏང་ནས་ལོ་ཧྲིལ་པོའི་འཆར་གཞིའི་40%ལེགས་སྒྲུབ་ཐུབ་རེ་ཡོད་པ་ཡོད། ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་མངོན་ཞིང་། ལོ་སྟོད་དུ། ས་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་16.4ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་2བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་101%དང་100%སོ་སོར་འཕར་ཡོད། དམངས་འཚོའི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཞིང་། མ་དངུལ་སྒོར་དུང་ཕྱུར་56བསྡུ་སྒྲིལ་བྱས་ནས་དམངས་འཚོའི་བྱ་བ་དངོས་13ལག་བསྟར་བྱས་པ་དེའི་ནང་སེང་གེ་ཁ་འབབ་ཀྱི་གླེང་མང་བའི་ཐོན་སྦྲེལ་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་བ་དང་། རྫོང་6གི་རྫོང་གྲོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དུས་འགོའི་ལས་དོན་ལེགས་གྲུབ་བྱུང་བ། རྫོང་6གི་རྫོང་གྲོང་གི་གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭར་སྐུལ་འདེད་མགྱོགས་པོ་བཏང་བ། འགན་ལེན་རང་བཞིན་གྱི་སྡོད་ཁང་2193ལས་ཀ་བསྐྱར་ཚུགས་བྱས་པ་དང་ཁང་པ་1050གསར་སྐྲུན་བྱས་པ། སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང་1774སྒྱུར་བཀོད་བྱེད་འགོ་བཙུགས་ཡོད། “4·25”ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་ལས་དོན་ཏན་ཏིག་ངང་ཡག་པོ་སྤེལ་ཞིང་། གེགས་རྗེས་བསྐྱར་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་1.56བསྡུ་སྒྲིལ་བྱས་པ་དང་། ས་ཁུལ་གྱིས་རྫོང་ལ་མ་དངུལ་སྒོར་ཁྲི་7920གཏོང་སྤྲོད་བྱས་པ་དེ་དག་སྡོད་ཁང་བསྐྱར་སྐྲུན་བརྟན་གཏོང་དང་། གྲོང་ཚོ་10ཡི་གྲོང་ཚོ་ཧྲིལ་པོའི་སྐུལ་འདེད། སློབ་གྲྭ་ཉམས་གསོ་བརྟན་གཏོང་བཅས་ཀྱི་བསྐྱར་སྐྲུན་རྣམ་གྲངས་ཐད་བེད་སྤྱོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།