དབུ་ཤོག>གསར་འགྱུར།
  • བོད་སྐྱོར་ལས་དོན་དེ་བོད་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཕེང་ཆེས།   |     སྤེལ་དུས།  2016-08-12

    ལོ་20ལྷག་ཙམ་རིང་། བོད་རྒྱུན་མཐུན་ངང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ཐོག་གི་སྟོབས་ཤུགས་གལ་ཆེན་ཞིག་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་འགན་ལེན་བྱེད་པའི་བོད་སྐྱོར་ལས་དོན་གྱིས་བོད་འདི་ཉིད་རྒྱལ་ཡོངས་མི་དམངས་དང་མཉམ་དུ་མེས་རྒྱལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

    བོད་སྐྱོར་ལས་དོན་ནང་། བོད་སྐྱོར་ལས་བྱེད་པ་མང་པོས་གཅིག་རྗེས་གཉིས་མཐུད་ངང་བོད་ཀྱི་འཕེལ་རྒྱས་ཆེད་དུ་ལང་ཚོ་དང་། བློ་གྲོས། སྟོབས་ཤུགས་བཅས་སྐྱེས་སུ་ཕུལ་ཡོད་ལ། ཁོང་ཚོས་ལྷག་བསམ་རྣམ་དག་དང་བློ་གཅིག་སེམས་གཅིག་གིས་བོད་ཤེས་རྟོགས་དང་། བོད་འཕེལ་རྒྱས། བོད་ལ་དགའ་ཞེན་བཅས་བྱས་ཡོད།

    རང་ལྗོངས་ཀྱི་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་དང་བལྟོས་བཅས་རྗེས་ལུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་། མ་འཇོག་དང་ཕན་འབྲས་ཐད་ནང་ས་ལྟར་གྱི་ཕན་འབྲས་ཐོན་གྱི་མེད་པས། གལ་སྲིད་བོད་སྐྱོར་ལས་བྱེད་པས་ནང་སའི་ལས་ཀའི་བྱེད་ཐབས་དང་ཉམས་མྱོང་ཐད་ཀར་བོད་དུ་ལག་ལེན་བསྟར་ཚེ་ཕན་འབྲས་ཐོན་སྲིད་པའི་ངེས་པ་མེད། ཏན་ཏན་ཏིག་ཏིག་གིས་བོད་ཀྱི་ཐོན་ཁུངས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱུས་མངའ་གང་ལེགས་བྱེད་པ་དང་། རང་ངོས་ཀྱི་བོད་སྐྱོར་ལས་དོན་དང་ཟུང་འབྲེལ། ཡུལ་བབ་དང་བསྟུན་པ་བཅས་ཀྱི་སྒོ་ནས་བོད་སྐྱོར་ལས་དོན་སྒྲུབ་དགོས།

    ལས་དོན་དང་། འགན་འཁྲི། ལས་འགན། ཏང་དང་རྒྱལ་ཁབ་ཀྱི་བོད་སྐྱོར་ལས་བྱེད་པར་ཡིད་ཆེས་བྱེད་པ་བཅས་ཀྱི་བོད་སྐྱོར་ལས་དོན་ཐད་བོད་སྐྱོར་ལས་བྱེད་པའི་ལྷག་བསམ་ཟོལ་མེད་དང་། ཆོད་སེམས། སྙིང་རུས་བཅས་མཁོ་བ་མ་ཟད། བོད་སྐྱོར་ལས་བྱེད་པ་དང་རོགས་སྐྱོར་ཐོབ་པའི་ས་གནས་ཀྱི་ལས་བྱེད་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་བློ་སྟོབས་དང་བློ་གྲོས་མཁོ་ཀྱི་ཡོད། དེ་དག་བོད་སྐྱོར་ལས་བྱེད་པས་ལས་ཀའི་ཐོག་ཉམས་མྱོང་གསོག་པ་དང་འཚར་ལོངས་ཁྲོད་ནས་ཡོང་ཐུབ་ལ། རོགས་སྐྱོར་ཐོབ་པའི་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་ལས་ཡོང་ཐུབ།

    ད་བར་རང་ལྗོངས་ཀྱིས་ལྷག་བསམ་རྣམ་དག་གིས་བོད་སྐྱོར་ལས་དོན་སྤེལ་རྒྱུར་ཆ་རྐྱེན་མང་པོ་བསྐྲུན་ཡོད། བོད་སྐྱོར་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བ་དང་སྦྲགས། བོད་སྐྱོར་ལས་དོན་དེ་ཐོག་མར“གཞན་བརྟེན”ནས“རང་བརྟེན”གྱི་རྣམ་པར་འགྱུར་བ་དེ་ཐོག་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་རོགས་སྐྱོར་ཐོབ་པའི་ས་གནས་ཀྱིས་མཉམ་དུ་འབད་འཐབ་བྱེད་པའི་བོད་སྐྱོར་གྱི་བྱ་གཞག་དེ་ཕྱོགས་གཉིས་པོའི་འཕེལ་རྒྱས་ཀྱི་སྙིང་སྟོབས་དང་བློ་གྲོས་དང་། སྤེལ་རེས་དང་འགྲོ་འོང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པར་བརྟེན་བོད་སྐྱོར་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་སྤུས་ཚད་མགྱོགས་མྱུར་ལེགས་སུ་ཕྱིན་པ་མཐོང་ཐུབ། བོད་སྐྱོར་ལས་དོན་ཁྲོད“སྒུག་བརྟེན་སློང”གསུམ་གྱི་གཞན་རྟེན་བསམ་བློ་ཆགས་མེད་པར་དེ་ཉིད་བོད་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་སུ་འགྱུར་ནས་རང་ལྗོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་སྒུལ་ཤུགས་ཆེན་པོར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།