དབུ་ཤོག
  • སྒེར་གྱི་རླངས་འཁོར་བདག་སྐྱོང་བྱེད་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-11

    རླངས་འཁོར་ལ་ནམ་རྒྱུན་དུ་བདག་སྐྱོང་ཡག་པོ་བྱུང་ན་རླངས་འཁོར་འཁོར་སྐྱོད་སྐབས་ཞི་འཇམ་ལ་འཁོར་བདེ་བ་མ་ཟད་སྣུམ་ཟད་གྲོན་ཆུང་དང་། ཁོར་ཡུག་ལ་སྦགས་བཙོག་ཀྱང་ཐོན་ཉུང་བ་ཡོད།

    རླངས་འཁོར་གྱི་སྣུམ་རྒྱུའི་མ་ལག་དང་འཁོར་སྒུལ་མ་ལག་ལ་དུས་ཚོད་གཏན་འཁེལ་ཐོག་བརྟག་དཔྱད་བྱེད་པ་དང་འཇམ་འདྲེད་སྣུམ་དུས་ཐོག་ཏུ་བརྗེ་བ། དྭངས་བཙགས་སྦུ་གུ་དང་མེ་སྟག་གསོ་ཆས་སོགས་འགག་རྩའི་རང་བཞིན་གྱི་ལྷུ་ལག་གཙང་བཟོ་བྱེད་དགོས། དེ་ལྟར་བདག་སྐྱོང་མ་བྱུང་ན་གློག་སྒུལ་འཕྲུལ་ཆས་ཀྱི་སྣུམ་འབར་སྲེག་ཡག་པོ་མ་བྱུང་བ་དང་། ནུས་ཚད་བེད་སྤྱོད་ལེགས་པོ་མི་ཐུབ་ནས་སྣུམ་ཟད་གྲོན་ཆེ་བ་དང་སྦགས་བཙོག་འབུད་གཏོང་ཆེ་བ་ཡོད། དེ་བཞིན་དུས་ཚོད་གཏན་འཁེལ་ཐོག་འཁོར་ལོའི་ཕུ་ཡི་མང་ཉུང་ལ་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་ཡིན་ཏེ། ཕུ་ཉུང་དྲགས་ན་རླངས་འཁོར་གྱི་འགོག་ཤུགས་ཆེ་རུ་ཕྱིན་ནས་དགོས་མེད་དུ་ནུས་རྒྱུ་ཟད་གྲོན་ཆེ་བ་དང་། ཕུ་མང་དྲགས་ན་རླངས་འཁོར་འཁྲུག་ཆེ་རུ་ཕྱིན་ཏེ་བཀོལ་སྤྱོད་མི་བདེ་བའི་ཚོར་སྣང་ཆེན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།