1. སྨན་གཏོང་བའི་སྐབས་སྨན་པའི་ཚད་གཞི་ལྟར་ཟ་དགོས་པ་ལས་ཚོད་དཔག་བྱས་ནས་བཟའ་རྒྱུ་མེད། སྨན་མང་དྲགས་ན་ཕན་ནུས་ཐོན་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་སྨན་ནད་དང་སྨན་དུག་ཕོག་སྲིད།
2. སྟབས་བདེ་དང་གྲོན་ཆུང་ཡོང་ཆེད་དར་མའི་སྨན་ཕྲུ་གུར་སྟེར་རྒྱུ་མེད། གང་ཡིན་ཞེ་ན། དར་མའི་སྨན་ཁ་ཤས་ཕྲུ་གུས་ཟ་མི་རུང་བ་དཔེར་ན། ཕྱི་ལུགས་ཕོ་བའི་ཟུག་འཇོམས་སྨན་ལྟ་བུ་ལོ་ན་བཅུ་དྲུག་མན་གྱི་ཕྲུ་གུས་ཟ་ཆོག་གི་མེད།
3. ཚ་བ་གཅོག་བྱེད་ཀྱི་སྨན་གང་བྱུང་སྤྲོད་མི་ཉན། མི་མང་པོས་ཚ་བ་གཅོག་བྱེད་ཀྱི་སྨན་རྒྱུན་དུ་སྟེར་ནས་ཕྲུ་གུའི་ཚ་བ་གཅོག་ཐབས་བྱེད་ཀྱི་ཡོད་ཅིང་། བྱེད་ཐབས་དེ་ནི་ནོར་འཁྲུལ་ཡིན། གལ་སྲིད་གཟུགས་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ་38ལས་མ་བརྒལ་ན། སྔས་མགོའི་ཐོག་འཁྱག་པ་བླུགས་པའི་འགྱིག་ཤོག་འཇོག་པའམ་ཡང་ན་ཨ་རག་ཉིང་ཁུས་འཕུར་བ་སོགས་བྱས་ཏེ་ཚ་བ་གཅོག་པ་དང་། གཙོ་བོ་སྨན་ཁང་དུ་ཕྱིན་ནས་ཚ་བ་རྒྱས་པའི་རྒྱུ་རྐྱེན་འཚོལ་ཐབས་བྱེད་དགོས།
4. འཚོ་བཅུད་སྨན་སྟེར་དྲགས་རྒྱུ་མེད། འཚོ་བཅུད་སྨན་སྟེར་དྲགས་ན་བྱིས་པའི་གཟུགས་པོར་གནོད་པ་ཆེ་བ་དང་ལྷག་པར་དུ་ཚིལ་རྒྱུ་ལྡན་པའི་འཚོ་བཅུད་སྨན་བཟས་དྲགས་ན་ལུས་པོའི་ནང་འཚོ་བཅུད་གསོག་ཚད་མང་དྲགས་ཏེ་དལ་བའི་རང་བཞིན་གྱི་དུག་ཕོག་པ་དང་དོས་དྲག་རང་བཞིན་གྱི་དུག་ཕོག་སྲིད་དོ།