འདི་ནི་གོང་དཀར་རྫོང་གི་རྫོང་དཔོན་ཚེ་རིང(གཡས་ཀྱི་དང་པོ)གིས་སྟོང་རྭ་ཤང་འབྲི་ལུང་གྲོང་ཚོའི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་ལྟ་ཞིབ་བྱེད་པའི་གནས་ཚུལ་ཡིན་པ།
དབྱར་གཞུང་གི་གོང་དཀར་རྫོང་གི་ས་ཕྱོགས་གང་སར་སྔོ་ལྗང་ལྗོན་ཤིང་དང་རབ་ཏུ་བཞད་པའི་མེ་ཏོག་སྣ་ཚོགས་མཐོང་རྒྱུ་ཡོད་ལ། ཁྲོམ་གཞུང་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་མང་བ་དང་ལས་ཡུལ་ཐོག་ཚ་ཚ་འུར་འུར་གྱི་ལས་བྲེལ་གྱི་ལས་བྲེལ་རྣམ་པས་ཁེངས་པ། གྲོང་ཚོ་ཚང་མའི་རྣམ་པ་བཀོད་གཙང་ཡོད་པས་རྫོང་དེ་ཡོངས་སུ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་མངོན་གྱི་འདུག
གོང་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཅིན་ཀང་གིས་འདི་ལོ་ཚུན་དུ་གོང་དཀར་རྫོང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བཏོན་གནང་བའི་དམིགས་བསལ་གོ་སྐབས་དམ་འཛིན་བྱས་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་ལས་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་ཤུགས་ཆེན་བྱེད་པ་དང་། རྨང་གཞི་བརྟན་གཏོང་དང་སྤུས་ཚད་མཐོ་རུ་གཏོང་བ། ས་ཁོངས་གཞི་གཅིག འཕེལ་རྒྱས་ལ་སྤྱི་འདོམས། སྣོད་བཅུད་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བ། དམངས་འཚོར་གཟིགས་སྐྱོང་། བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི“འཐབ་ཇུས་ཆེན་པོ་བདུན”ལག་ལེན་ཤུགས་ཆེན་བསྟར་བ། གནད་སྨིན་དབུལ་སྐྱོར་དང་དེ་བས་མང་ལ་ཆེ་བའི་རྣམ་གྲངས་དོན་འཁྱོལ་ཐུབ་རྒྱུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐུལ་འདེད་ནུས་པ་གལ་ཆེན་ལ་བརྩི་བ་བཅས་བྱས་ནས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་གོང་དཀར་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད།
དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ།
དཔལ་འབྱོར་འཕེལ་རྒྱས་ཀྱིས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་འཚོ་བའི་སྤུས་ཚད་ཡག་པོ་ཡོང་མིན་གཏན་འཁེལ་བྱེད་ཀྱི་ཡོད།
སྔོན་དཔག་ལྟར་ན་ཟླ་དྲུག་པ་བར་རྫོང་དེ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་66070ཟིན་ནས་དུས་མཚུངས་ལས་17.2%འཕར་ཏེ་འཆར་གཞིའི་51.3%ལེགས་སྒྲུབ་ཐུབ་རྒྱུ་དང་། དེའི་ནང་ཐོན་ལས་དང་པོར་སྔོན་དཔག་ལྟར་ན། གནས་འཕར་རིན་ཐང་སྒོར་ཁྲི་2770ཟིན་ནས་དུས་མཚུངས་ལས་10.8%འཕར་ཏེ་འཆར་གཞིའི་41.8%ལེགས་སྒྲུབ་ཐུབ་རྒྱུ་དང་། ཐོན་ལས་གཉིས་པར་སྔོན་དཔག་ལྟར་ན་གནས་འཕར་རིན་ཐང་སྒོར་ཁྲི་32800ཟིན་ནས་དུས་མཚུངས་ལས་22%འཕར་ཏེ་འཆར་གཞིའི་48%ལེགས་སྒྲུབ་ཐུབ་རྒྱུ། ཐོན་ལས་གསུམ་པར་སྔོན་དཔག་ལྟར་ན་གནས་འཕར་རིན་ཐང་སྒོར་ཁྲི་30500ཟིན་ནས་དུས་མཚུངས་ལས་13%འཕར་ཏེ་འཆར་གཞིའི་56.8%ལེགས་སྒྲུབ་ཐུབ་རྒྱུ། སྔོན་དཔག་ལྟར་ན་ནོར་སྲིད་ཡོང་འབབ་སྒོར་ཁྲི་3007ཟིན་ནས་དུས་མཚུངས་ལས་11.4%ཆག་རྒྱུ་དང་ལོ་འཁོར་འཆར་གཞིའི་36.8%ལེགས་སྒྲུབ་ཐུབ་རྒྱུ། སྔོན་དཔག་ལྟར་ན་ནོར་སྲིད་ཡོང་འབབ་སྒོར་ཁྲི་2363ཟིན་ནས་དུས་མཚུངས་ལས་7.6%ཆག་རྒྱུ་དང་ལོ་འགོའི་འཆར་གཞིའི་38.1%ལེགས་སྒྲུབ་ཐུབ་རྒྱུ། སྔོན་དཔག་ལྟར་ན་སྤྱི་ཚོགས་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་ཁྲི་111302ཟིན་ནས་དུས་མཚུངས་ལས་27.1%འཕར་ཏེ་ལོ་འཁོར་འཆར་གཞིའི་49.8%ལེགས་སྒྲུབ་ཐུབ་རྒྱུ། སྔོན་དཔག་ལྟར་ན། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་གི་དངུལ་གྲངས་བསྡོམས་འབོར་སྒོར་ཁྲི་4070ཟིན་ནས་དུས་མཚུངས་ལས་19.4%འཕར་ཏེ་འཆར་གཞིའི་42.7%ལེགས་སྒྲུབ་ཐུབ་རྒྱུ། སྔོན་དཔག་ལྟར་ན། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་6680ཟིན་ནས་དུས་མཚུངས་ལས་4.4%འཕར་ཏེ་འཆར་གཞིའི་63.9%ལེགས་སྒྲུབ་ཐུབ་རྒྱུ་ཡིན་པ་རེད།
ཐོན་ལས་གྲུབ་ཆ་མུ་མཐུད་ལེགས་སྒྲིག་བྱས་པ།
ས་ཁུལ་ཞིག་གི་དཔལ་འབྱོར་འཕེལ་རྒྱས་ཁྲོད་རྣམ་གྲངས་འཛུགས་སྐྲུན་གྱིས་འདེགས་སྐྱོར་གྱི་ནུས་པ་ཐོན་བཞིན་ཡོད། རྫོང་དཔོན་ཚེ་རིང་གིས་མིག་སྔའི་བར་ལྗོངས་དེ་ཡོངས་སུ་སྐྲུན་འགོ་ཚུགས་པའི་རྣམ་གྲངས་86དང་མཐུད་སྐྲུན་རྣམ་གྲངས་48ཟིན་ཡོད། དེའི་ནང་ལྷ་ཉིང་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འདོན་ཐེངས་གསུམ་པའི་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་གཉིས་ལ་2016ལོར་མ་དངུལ་སྒོར་ཁྲི་55404གཏོང་རྩིས་ཡོད་པ་དང་རྩེད་ཐང་ནས་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་ལ་ལོ་འདིའི་ནང་མ་དངུལ་སྒོར་ཁྲི་97500གཏོང་རྩིས་ཡོད། གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་38ཡོད་པ་དང་མིག་སྔར་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་ཁྲི་51741ཟིན་ཡོད་ཅེས་བཤད།
ཞིང་འབྲོག་ལས་འཕེལ་རྒྱས་ཐད་རྣམ་པ་གསར་པ་གཏོད་ཅིང་། རྫོང་དེ་ཡོངས་སུ་ཐོན་འབབ་མཐོ་བའི་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞི་མུའུ་ཁྲི་6.98བསྐྲུན་པ་དེ་ལོ་གོང་མ་ལས་45%འཕར་བ་དང་། གསར་སྐྱེས་ཕྱུགས་ཕྲུག་མགོ་གྲངས་39621ཟིན་པ་དང་ཕྱུགས་ཕྲུག་གསོན་ཚད་མགོ་གྲངས་37640ཟིན་ཡོད་པ་རེད།
ཚོང་འགུགས་མ་འདྲེན་སྒོར་ཁྲི་3400ལེགས་སྒྲུབ་བྱས་པ་དང་རྣམ་གྲངས་མ་དངུལ་སྒོར་ཁྲི་3000བཏང་ནས་གོང་དཀར་རྫོང་ཐན་རུའེ་བཟའ་བཅའ་ཚད་ཡོད་ཀུང་སི་བཙུགས་ནས་བཟའ་བཏུང་ལས་སྣོན་ཞིབ་ཚགས་རྣམ་གྲངས་ལག་ལེན་བསྟར་ཡོད་པ་རེད།